ཧོ་ནན་དུ་2025ལོའི་ཀྲེང་ཀྲོའུ་རྒྱལ་སྒྲོལ་དྲ་ཚོང་འདུ་ཚོགས་ཆེན་པོ་འཚོགས་པ།
ཉིན་ཤས་གོང་དུས་ཡུན་ཉིན་གསུམ་གྱི་2025ལོའི་ཀྲེང་ཀྲོའུ་རྒྱལ་སྒྲོལ་དྲ་ཚོང་འདུ་ཚོགས་ཆེན་པོ་དང་ཕྱི་རྒྱལ་གྱི་ཚོང་ཟོག་སྤུས་ལེགས་ཀྲུང་གོར་འཚོང་བའི(ཧོ་ནན་ས་ཚིགས)བྱེད་སྒོ་ཀྲེང་ཀྲོའུ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད། བྱེད་སྒོ་དེར“གོ་ལ་ཧྲིལ་པོ་ནས་ཉོ་བ་དང་གོ་ལ་ཧྲིལ་པོར་འཚོང་བ”བརྗོད་དོན་གཙོ་བོར་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་གདེང་ཚོད་འཕེལ་བ་དང་ཁྲོམ་ར་གསར་འབྱེད་བྱེད་རོགས་བྱས་ནས། རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་གྱི་རྒྱལ་སྒྲོལ་དྲ་ཚོང་སྤེལ་རེས་མཉམ་ལས་ལས་སྟེགས་རྒྱུན་མཐུད་བསྐྲུན་ཡོད། འདི་ནི་ཀྲེང་ཀྲོའུ་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་ལྟད་མོ་བས་དཀར་ཡོལ་ཉོ་བཞིན་པ།