དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“གྲོང་ཁྱེར་བརྒྱ་དང་རྫོང་སྟོང”གི་ཀྲུང་ལུགས་གསོ་རིག་གི་རིག་གནས་དམངས་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་31ཉིན་ནི་ལྔ་པའི་ཚེས་ལྔའི་དུས་ཆེན་དང་ཏག་ཏག་འཁེལ་ཞིང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཚོ་ནུབ་གྲོང་ཁྱེར་ཚགས་པར་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་མཚོ་སྔོན་གྱི་སྲོལ་རྒྱུན་ཀྲུང(བོད)ལུགས་གསོ་རིག་གི་རིག་གནས་ཉམས་ལེན་ཉིན་མོ་དང“གྲོང་ཁྱེར་བརྒྱ་དང་རྫོང་སྟོང”གི་ཀྲུང་ལུགས་གསོ་རིག་གི་རིག་གནས་དམངས་ཕན་བྱེད་སྒོ་ཟི་ལིང་དུ་སྤེལ་འགོ་ཚུགས་པ་རེད་། གྲོང་མི་དང་ཡུལ་སྐོར་བས་རང་བྱུང་གི་དུས་རིམ་དང་སྲོལ་རྒྱུན་བློ་རིག་དེ་དེང་རབས་ཀྱི་བདེ་ཐང་འདུ་ཤེས་དང་མཉམ་འདྲེས་བྱེད་པའི་རིག་གནས་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས། གནའ་བོའི་དཔེ་དེབ་ནང་གི་བདེ་སྲུང་ཐབས་ལམ་དེ་རེག་ཐབས་བྲལ་བའི་བདེ་ཐང་གི་སྨོན་འདུན་ཞིག་ལ་འགྱུར་བར་བྱས་ཡོད།

    ད་ཐེངས་ཀྱི་བྱེད་སྒོ་དེ“སྨན་གྱི་དྲི་ཞིམ་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་འཐུལ། མཚོ་སྔོན་གྱི་སྨན་ལུགས་གནའ་དེང་ཡོངས་སུ་བརྒྱུད་སྤེལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་འགྲེམས་གནས་72བཙུགས་པའི་ཀྲུང(བོད)ལུགས་གསོ་རིག་གི་བདེ་ཐང་བློ་འདྲི་དང་རིགས་གཅིག་མཁས་ཅན་གྱི་འོས་འགན་སྨན་བཅོས། ཀྲུང(བོད)ལུགས་གསོ་རིག་དང་འཚམ་པའི་ལག་རྩལ་ཉམས་ལེན། ཀྲུང(བོད)ལུགས་གསོ་རིག་གི་རིག་གནས་གསར་གཏོད་དང་སྨན་སྦྱོར་འགྲེམས་སྟོན། ཀྲུང(བོད)ལུགས་གསོ་རིག་གི་བདེ་སྲུང་ཟ་མའི་བྲོ་བ་མྱོང་བ་སོགས་བརྒྱུད། ཀྲུང(བོད)ལུགས་གསོ་རིག་གི་རིག་གནས་ཉམས་ལེན་བར་སྟོང་བསྐྲུན་ནས། གྲོང་མི་དང་ཡུལ་སྐོར་བར་ཀྲུང(བོད)ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ཚོར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།