དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་རྔ་པའི་གཟི་ཚ་སྡེ་དགུའི་ཡུལ་ལྗོངས་ལྟ་ན་སྡུག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-03

    གཟི་ཚ་སྡེ་དགུ་དང་ཧོང་ལུང་ནི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་ཚ་སྡེ་དགུ་རྫོང་དང་ཟུང་འཕན་རྫོང་དུ་ཡོད་ཅིང་། ཡུལ་ཕྱོགས་དེ་ནི་མཚེའུ་དང་། རྦབ་ཆུ། ནགས་ཚལ། གངས་རི། བོད་ཉམས། ཆབ་རོམ་སོགས་རང་བྱུང་མཛེས་ལྗོངས་ལ་བརྟེན་ནས་སྐད་གྲགས་ཆོད་པའི་རྒྱལ་ཁབ་ཀྱི་5Aརིམ་པ་ཁག་དང་པོའི་ཡུལ་ལྗོངས་གྲགས་ཅན་ཞིག་རེད། ཟླ་ལྔ་པའི་གཟི་ཚ་སྡེ་དགུ་དང་ཧོང་ལུང་ས་ཆར་རྩི་ཤིང་ལོ་འདབ་རྒྱས་པ་དང་། དྭངས་གསལ་མཚོ་མོར་རླབས་རིས་འཁྱུག་པ། རྦབ་ཆུ་མཛེས་ཤིང་བརྗིད་ལ། གངས་རིས་བསྐོར་བའི་ཁོར་ཡུག་མཛེས་པའི་ཁར། ཡིད་དབང་འགུག་པའི་མཚོ་ཁྲ་མེར་ཡོད་པར་བརྟེན། ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་ནས་ཕྱིར་ལོག་རྒྱུའང་བརྗེད་པར་གྱུར། འདི་ནི་2025ལོའི་ཟླ་5ཚེས་26ཉིན་པར་བླངས་པའི་སི་ཁྲོན་ཧོང་ལུང་གི་མཚེའུའི་མཛེས་ཉམས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།