དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བ།

    ​དམངས་སྲོལ་གྱི་དགའ་སྟོན་བཤམས། རིག་གནས་ཀྱི་སྟོན་མོར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

    འདི་ནི་ཉེ་ཆར་གཞིས་རྩེའི་གྲོང་མིས་དང་བླངས་པ་དང་མཉམ་དུ་ལོ་སྒྲིལ་འབྲས་ཆན་བཟོ་བཞིན་པ།

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་དུ་ཞུགས་ནས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་པ་དང་། གཞན་ཡང་རོལ་རྩེད་ཀྱི་ཞོར་དུ་ཞིམ་ཟས་ལ་རོལ་ནས་དུས་ཆེན་གྱི་སྤྲོ་སྣང་ལོངས་སྤྱོད་བྱས་པ་རེད།

    ཟླ་5ཚེས་29ཉིན། གཞིས་རྩེ་གྲོང་ཁྱེར་གྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་བ་་དང“ང་ཚོའི་དུས་ཆེན། ལྔ་པའི་ཚེས་ལྔའི་དུས་ཆེན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། དུས་ཆེན་དང་དྲིལ་བསྒྲགས་མཉམ་དུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དྲིལ་བསྒྲགས་སློབ་གསོ་སྲོལ་རྒྱུན་དུས་ཆེན་དང་མཉམ་འདྲེས་བྱས་པ་རེད། བྱེད་སྒོའི་ཁྲོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དྲིལ་བསྒྲགས་པ་བཅུ་ཡི་གྲས་ཕུན་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ས་གནས་ས་ཐོག་ཏུ་གྲོང་མི་མང་ཚོགས་ལ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་འབྱུང་ཁུངས་དང་ཞིམ་ཟས་དང་གོམས་སྲོལ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། གཏིང་སྐྱེས་རྫོང་བཀྲ་ཤིས་སྒང་ཤང་དུ་གེགས་རྗེས་བསྐྱར་སྐྲུན་གྱི་ཨར་ལས་རུ་ཁག་དང་གྲོང་མིའི་འཐུས་མི་མཉམ་དུ་འཛོམས་ཤིང་། དོན་གྲུབ་ཚེ་རིང་སོགས་མང་ཚོགས་ཀྱིས་རང་འགུལ་ངང་སྒྲ་སྙན་དཀྲོལ་གཏོང་བྱས་པ་དང་། ཨར་ལས་རུ་ཁག་གི་འཐུས་མི་གར་སྟེགས་ཐོག་བསྐྱོད་ནས་སྤྲོ་སེམས་ཆེན་པོས་གླུ་གཞས་བཏང་བས་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པས་ཁེངས། ས་སྐྱ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་གླུ་གར་དང་། ཟློས་གར། འཁྲབ་ཚན་ཐུང་ངུ་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་ནས་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོར་ལྟད་མོའི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་སྐུ་འབུམ་ཐང་སྡེ་ཁུལ་གྱིས“ལྔ་པའི་ཚེས་ལྔའི་དུས་ཆེན་མྱོང་རོལ་བྱེད། ཤེས་དཔལ་རྒྱུན་འཛིན་ལེགས་པར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཐལ་སྤུངས་སྒང་སྡེ་ཁུལ་གྱིས“ཏང་ཨུད་ཆེན་པོའི”ལས་སྟེགས་ལ་བརྟེན་ནས། དུས་ཚིགས་གཉིས་པའི་མཉམ་འབྲེལ་ཚོགས་འདུ་དང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་རོལ་དབྱངས་གསར་པ་དཀྲོལ་བ་རེད།

    ཚེས་31ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“ལྔ་པའི་ཚེས་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ།‘དྲུག་གཅིག’དགའ་བས་བསུ། ང་ཚོའི་ལོ་སྒྲིལ་འབྲས་ཆན”ཞེས་པའི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ་འཚོགས་པ་རེད། བྱེད་སྒོ་དེ་བརྙན་ལམ་འགུལ་རིས《ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་འབྱུང་ཁུངས》ཞེས་པའི་ཁྲོད་འགོ་ཚུགས་ཤིང་། ཕྲུ་གུ་ཚོས་གོ་བདེ་ཤེས་སླའི་བརྙན་ལམ་གྱི་ངོ་སྤྲོད་ནས་སྲོལ་རྒྱུན་རིག་གནས་དང་གོམས་སྲོལ་ཤེས་རྟོགས་བྱས་པ་རེད།

    ཟླ་5ཚེས་29ཉིན་གྱི་སྔ་དྲོར། “ནུབ་ཁའི་ཉི་མ་དྲོ་སྐྱིད་ལྷག་པར་ཆེ། ལྔ་པའི་ཚེས་ལྔའི་དུས་ཆེན་སྤྲོ་སྣང་ལྡན”ཞེས་པའི་བྱེད་སྒོ་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་སྤེལ་བ་རེད། ལས་དོན་མི་སྣས་རྒན་རྒོན་དང་ཕྲུ་གུ་ཚང་མར་ལོ་སྒྲིལ་འབྲས་ ཆན་སྤྲད་པ་དང་། ཚང་མས་མཉམ་དུ་ཞིམ་ཟས་ཀྱི་བྲོ་བ་མྱངས་པས། ས་གནས་ས་ཐོག་ཏུ་དགའ་འབོད་ཀྱི་སྒྲ་ཡང་ཡང་གྲགས། སྒར་རྫོང་རིག་གནས་དང་ཡུལ་སྐོར་ཅུས་དང་བདེ་སྐྱིད་སྡེ་ཁུལ་སོགས་སྡེ་ཚན་དང་སྡེ་ཁུལ་གྱིས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལེ་ཚན་13རེས་མོས་ངང་འཁྲབ་སྟོན་བྱས་པ་དང་། རྒན་རྒོན་ཚོའི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་ཕྲུ་གུ་ཚོའི་སྐྱེ་སྟོབས་རྒྱས་པའི་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་ས་གནས་ས་ཐོག་གི་རྣམ་པར་མཐོ་རླབས་གསར་པ་ཞིག་འཕྱུར་བར་བྱས་ཡོད།

    ཟླ་5ཚེས་30ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ལས་བྱེད་པ་དང་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་དམངས་སྲོལ་ཉམས་ལེན་གྱི་བྱེད་སྒོ་སྤེལ་ནས་སྲོལ་རྒྱུན་དུས་ཆེན་གྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་གྱི་རོལ་དབྱངས་མཉམ་དུ་དཀྲོལ་བ་རེད།

    ཟླ་5ཚེས་30ཉིན། ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ལྔ་པའི་ཚེས་ལྔའི་དུས་ཆེན་དང་འབྲེལ་བ་ཡོད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལོ་སྒྲིལ་འབྲས་ཆན་བཟོ་སྐབས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོགས་ཆུང་བགོས་ནས་མཉམ་ལས་བྱས་ཏེ་ཚགས་ཤ་དང་། ཕྱུར་བ། གྲོ་མ་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཅའ་སྤྱད་དེ་ལོ་སྒྲིལ་འབྲས་ཆན་བཟོས་ནས“བོད་རིགས་ཀྱི་ལོ་སྒྲིལ་འབྲས་ཆན་མངར་མོ། “ས་མཐོའི་ཚཌ་ཤའི་ལོ་སྒྲིལ་འབྲས་ཆན”སོགས་ཁྱད་ཆོས་ལྡན་པའི་བརྩམས་ཆོས་གསར་གཏོད་བྱས་པ་དང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གོམས་སྲོལ་དང་བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་ནང་དོན་ཟབ་མོ་མཉམ་འདྲེས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།