དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གསར་དུ་བཟོ་བཅོས་བརྒྱབ་པའི《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》ཟླ་6ཚེས་1ཉིན་ནས་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

     གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཁྲིམས་བཀོད་གོ་རིམ་བརྒྱུད་གསར་དུ་བཟོ་བཅོས་བརྒྱབ་པའི《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དེ་2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད། 《སྲོལ་ཡིག》ལ་ཁྱོན་ལེའུ་ལྔ་དང་དོན་ཚན་དྲུག་ཅུ་རེ་གསུམ་ཡོད་ཅིང་། གྲོང་ཁྱེར་དོ་དམ་གྱི་དོན་གཅོད་དབང་ཆ་སྔར་བས་ལེགས་བསྒྲིགས་དང་། གྲོང་ཁྱེར་དོ་དམ་ལས་དོན་དེ་ཁྲིམས་སྐྱོང་གི་བགྲོད་ལམ་ནང་བཅུག་ནས་སྤྱི་དམངས་དང་ཁྲིམས་མི་དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གྲོང་ཁྱེར་དོ་དམ་ཐད་བཏོན་པའི་བླང་བྱ་གསར་པ་དང་རེ་བ་གསར་པར་ལན་སྔར་བས་ལེགས་པ་འདེབས་རྒྱུ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། 2025ལོའི་གཞིས་རྩེ་གྲོང་ཁྱེར་གྱི་ཁྲིམས་འཛུགས་ལས་དོན་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་། 《སྲོལ་ཡིག》བཟོ་བཅོས་ལས་དོན་ལ་རྨང་གཞིའི་བརྟག་ཞིབ་འབོར་ཆེན་བྱས་པ་དང་ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། “གྲུབ་ཆ་ལེགས་གཏོང་དང་། ནང་དོན་རྒྱ་སྐྱེད། ཁྲིམས་སྒྱུར་གྱི་ཕན་འབྲས་ཆེར་གཏོང་། སྤྱི་དམངས་ཞུགས་པ”སོགས་ཕྱོགས་མང་པོ་ནས་གསར་གཏོད་བྱས་པ་བརྒྱུད། མིག་སྔའི་གྲོང་ཁྱེར་དོ་དམ་ཁྲོད་ཀྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ལ་ལན་ཧུར་ཐག་བསློགས་ནས་སྔར་ལས་ཚན་རིག་དང་མཐུན་པ་དང་། ཞིབ་ཕྲ། བཀོལ་སྤྱོད་རང་བཞིན་ལྡན་པ་བཅས་ཀྱི་གྲོང་ཁྱེར་དོ་དམ་ལམ་ལུགས་ཀྱི་མ་ལག་བཙུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།