བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)2025ལོའི་དཔྱིད་ཀའི་སློབ་དུས་ཀྱི་སློབ་མ་ཁག་དང་པོའི་སློབ་ཐོན་མཛད་སྒོ་འཚོགས་པ།
ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)2025ལོའི་དཔྱིད་ཀའི་སློབ་དུས་ཀྱི་སློབ་མ་ཁག་དང་པོའི་སློབ་ཐོན་མཛད་སྒོ་ལྷ་སར་འཚོགས་པ་དང་། སློབ་དུས་འདིར་ཁྱོན་འཛིན་གྲྭ་དྲུག་གི་སློབ་མ་309སློབ་གྲྭ་ཐོན་པ་རེད།
སློབ་ཐོན་མཛད་སྒོའི་ཐོག སློབ་མའི་འཐུས་མི་དྲུག་གིས་གཏམ་བཤད་བྱས་ཤིང་། ཚང་མས། སློབ་ཚན་བཀོད་སྒྲིག་ཐད་གཙོ་གནད་འབུར་དུ་ཐོན་པ་དང་། མ་ལག་ཚགས་ཚུད་པ། རིག་གཞུང་ཁ་གསལ་བ་བཅས་འདུག་པས། སློབ་སྦྱོང་བྱས་པ་བརྒྱུད་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་འཆང་བའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སྔར་བས་ཟབ་ཏུ་ཕྱིན་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་བསམ་བློའི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་གསུམ་གྱི་གསོ་སྦྱོང་བརྒྱུད་རིམ་ཁྲོད། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)དགེ་རྒན་སྒྲིག་འཛུཌ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིཌ་ཏེ། རིགས་པའི་གཞུང་ལུཌ་ཀྱི་ཆུ་ཚད་དང་། ཏང་གཤིས་ཀྱི་བློ་སྦྱོང་། འགན་འཁྲི་སྒྲུབ་ནུས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོཌ་པའི་འདུ་ཤེས་བརྟན་གཏོང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སོགས་ཐད་ཀྱི་ཆེད་དོན་སློབ་ཁྲིད་བྱས་པ་མ་ཟད། སློབ་མ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བརྟག་ཞིབ་དང་བགྲོ་གླེང་སྤེལ་རེས་ཀྱང་བྱས་པ་རེད། སློབ་ཚན་བཀོད་སྒྲིག་ཐད་རང་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སློབ་མའི་ཆབ་སྲིད་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་མཐོ་རུ་ནུས་ལྡན་བཏང་བ་རེད།