དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་དུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-03

    ཉེ་ཆར་གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་སླར་ཡང་སྒོ་ཕྱེ་ཚུན་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་རིམ་བཞིན་འཕེལ་ཡོད། ཟླ་5ཚེས་26ཉིན་བར་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱིས་འདི་ལོ་ཡུལ་སྐོར་བ་མི་ཐེངས་ཁྲི་9.8ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2100ལྷག་ཙམ་ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་སླར་ཡང་སྒོ་ཕྱེ་ཚུན་དིང་རི་རྫོང་ཇོ་མོ་གླང་མའི་བྱང་སྒོ་ཆེན་པོའི་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་ཤིང་། ཇོ་མོ་གླང་མའི་སྒར་ས་ཆེན་པོའི་གུར་གྱི་སྒྲིག་བཀོད་སྔར་བས་ལེགས་སུ་གཏོང་བ་དང་། ཆུ་དང་། གློག དྲ་བ། གསོ་རླུང་སོགས་འགན་སྲུང་གི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། གད་སྙིགས་རིགས་དབྱེ་གཙང་སེལ་བྱེད་པ། མཛེས་ལྗོངས་ཁུལ་གྱི་ཁྲིམས་སྒྱུར་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཡུལ་སྐོར་བ་སྔར་བས་སྐྱིད་སྣང་དོད་པོ་ཡོང་བར་བྱས་ཡོད།

    མིག་སྔར་མཛེས་ལྗོངས་ཁུལ་དུ་གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་91ཡོད་པར་རིག་ནུས་གསོ་རླུང་ཁང་དང་། སྦྲག་སྲིད། སྨན་བཅོས་ས་ཚིགས་སོགས་ཞབས་ཞུའི་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཡོད། ནུས་རྒྱུ་གཙང་མའི་ཁོར་ཡུག་སྲུང་སྐྱོང་འགྲུལ་སྐྱེལ་རླངས་འཁོར་84བཏང་བ་དེས་ས་བབ་མཐོ་བའི་ཡུལ་སྐོར་གྱི་དགོས་མཁོ་སྐོང་ཐུབ་པ་དང་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།