རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་ཟླ་བའི་བྱེད་སྒོ་ཟླ་6པར་སྤེལ་འགོ་ཚུགས་པ།
གཙོ་གནད་བྱེད་སྒོ་ཁག་42སྤེལ་ནས་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱས་པ།
གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོའི་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་ཟླ་བའི་བྱེད་སྒོ་ཟླ་6པར་དངོས་སུ་སྤེལ་འགོ་ཚུགས་ཤིང་། ད་ལོའི་བྱེད་སྒོའི་དམིགས་ཡུལ་ནི་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རིམ་ཁག་ཁེ་ལས་འབྲིང་ཆུང་གི་གཙོ་གཉེར་སྡེ་ཚན་དང་། ལས་རིགས་མཐུན་ཚོགས། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་ཁོངས་གཏོགས་ཚན་པ་དང་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་བཅས་དབར་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་དགོས་མཁོར་དམིགས་པ། ཞབས་ཞུའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། ཞབས་ཞུའི་མཉམ་ཤུགས་གཅིག་ཏུ་འདུས་པ་བཅས་བྱས་ཏེ་ཞབས་ཞུའི་རྣམ་པ་བཏོད་དེ་ཁེ་ལས་འཕེལ་རྒྱས་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཆེད་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཁེ་ལས་འབྲིང་ཆུང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། 2025ལོའི་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གི་ཞབས་ཞུའི་ཟླ་བར་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་། ཤེས་ལྡན་པ་ནང་འདྲེན་གསོ་སྐྱོང་། མ་དངུལ་བསྡུ་རུབ་ལ་སྐུལ་འདེད། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར། ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བ། དོ་དམ་ལེགས་གཏོང་། ཕྱི་རྒྱལ་དུ་ཁྲོམ་ར་རྒྱ་སྐྱེད་གཏོང་བར་ཞབས་འདེགས་ཞུ་བ། ཚུལ་མཐུན་དོ་དམ་བཅས་ཁྱབ་ཁོངས་ཆེན་པོ་བརྒྱད་ལ་དམིགས་ནས། གཙོ་གནད་བྱེད་སྒོ་ཁག་42བཏོན་ཏེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་དང་སྲིད་ཇུས་དང་ཐོན་ཁུངས་མཉམ་འགུལ་གྱི་བྱ་ཐབས་བརྒྱུད། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཀྱི་དཀའ་གནད་ཕྱོགས་ཡོངས་ནས་ཐག་གཅོད་ཀྱིས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད།