2025ལོའི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་ཐེངས་ཉེར་བཞི་པའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། ད་ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད། མི་ཚང་མས་འཕྲལ་སྡོམ་ཤེས་རྟོགས་བྱེད——ཉེ་འགྲམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར”ཞེས་པ་དེ་ཡིན།
ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོའི་ནང་ཉེ་འགྲམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་བྱ་སྤྱོད་རབ་དང་རིམ་པ་རྒྱ་ཁྱབ་ཏུ་སྤེལ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་དང་ཞིབ་ཚགས་བྱ་རྒྱུ་རེད། ས་གནས་ཁག་གིས་6·16“བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲི་ཉིན་མོའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་བདེ་འཇགས་དྲིལ་བསྒྲགས་གཅིག་སྡུད་ངང་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པ་དང་དམངས་ཡོངས་ཞུགས་པའི་རྣམ་པ་བཟང་པོ་གཏོད་ཡོད།