དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་རིམ་སྤེལ་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ།

    ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ གསར་གཏོད་འཕེལ་རྒྱས་ལ་རྩེ་གཅིག་ཏུ་གཞོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཡུས་སི་ནན།   |     སྤེལ་དུས།  2025-06-02

    ཉེ་ཆར། 2025ལོའི་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱེད་སྒོ་གཙོ་བོ་པེ་ཅིང་དུ་སྤེལ་ཞིང་། བྱེད་སྒོ་དེས་ཀྲུང་གོའི་ཚན་རིག་མཁས་ཅན་གྱི་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་དངོས་རྫས་ཀྱི་རྒྱབ་ཕྱོགས་གཏམ་རྒྱུད་བརྗོད་རྒྱུར་དམིགས་ནས། ཚན་རྩལ་ལས་དོན་པ་མི་རབས་ནས་མི་རབས་ཀྱིས་ཏང་གི་འགོ་ཁྲིད་འོག་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་གཟུགས་བརྙན་མངོན་པར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོའི་ཚན་རིག་མཁས་ཅན་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་དངོས་རྫས་བོད་དུ་ཞལ་འདེབས་བརྒྱབ་པའི་མཛད་སྒོ་འཚོགས་པ་དང་། ཆན་ཆི་ཧུའུ་སོགས་ཚན་རིག་མཁས་ཅན་གྱི་འཐུས་མི་དང་ལི་སི་ཀོང་གི་ཚ་མོ་ཙའུ་ཙུང་ཕིང་སོགས་ཚན་རིག་མཁས་ཅན་གྱི་གཉེན་ཉེའི་འཐུས་མིར་དངོས་རྫས་བོད་ལ་ཞལ་འདེབས་བརྒྱབ་པའི་ལག་ཁྱེར་སྤྲད་པ་རེད།

    ད་ལོའི་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་རིམ་སྤེལ་བྱེད་སྒོ་དེ“གསར་གཏོད་འཕེལ་རྒྱས་ལ་རྩེ་གཅིག་ཏུ་གཞོལ་ནས་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར”དམིགས་པ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་མཉམ་དུ་གཉེར་བ་ཞིག་རེད། ས་གནས་ཁག་གིས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    ཉེ་ཆར། ཅི་ནན་དུ་འཚོགས་པའི་ཧྲན་ཏུང་ཞིང་ཆེན་གྱི་2025ལོའི་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱེད་སྒོར“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནམ་ཡང་གནས། ཀྲུང་གོའི་རྡུལ་ཕྲན་གྲོང་གི་ལོ་རྒྱུས་པར་རིས་འགྲེམས་སྟོན་ནང་རྩ་ཆེའི་ལོ་རྒྱུས་པར་རིས་བརྒྱ་ལྷག་ཙམ་གྱིས“མདེལ་གཉིས་སྐར་གཅིག”བྱ་གཞག་གི་དཀའ་ཚེགས་ཆེ་བའི་ཐབས་ཇུས་ནས་རླབས་ཆེན་གྱི་གྲུབ་འབྲས་བར་གྱི་བརྒྱུད་རིམ་ཧྲིལ་པོ་ཕྱོགས་ཡོངས་ནས་མངོན་ཡོད། ས་གནས་ས་ཐོག་ཏུ་ཀྲུང་གོའི་རྡུལ་ཕྲན་གྲོང་གི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པས་ཞིབ་འཇུག་དང་གསར་བཟོའི་བརྒྱུད་རིམ་ཁྲོད་ཀྱི་གཏམ་རྒྱུད་བརྗོད་ནས་ལྟད་མོ་བ་རྣམས་ལ་རྒྱལ་གཅེས་སྐྱེས་འབུལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་ལྕག་སྐུལ་བྱས་པ་རེད།

    ཟླ་5ཚེས་29ཉིན། 2025ལོའི“ཡུན་ལིང་གི་ཚན་རྩལ་པ་ཡག་ཤོས”ཀྱི་ཁྱབ་བསྒྲགས་མཛད་སྒོ་ཡུན་ནན་ཁུན་མིང་དུ་འཚོགས་པ་དང་། ཡུན་ནན་ཞིང་ཆེན་གྱི་2025ལོའི་རྒྱལ་ཡོངས་ཚན་རྩལ་ལས་དོན་པའི་ཉིན་མོའི་བྱེད་སྒོའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་ཚན་རྩལ་ལས་དོན་པ་10ལ་གཟེངས་བསྟོད་བྱས་པ་རེད།

    ཉེ་ཆར་ཀྲུང་གོའི་སྐྱེ་དངོས་སློབ་ཚོགས་ཀྱིས“ཞིང་ལས་ཚན་རྩལ་འཇིག་རྟེན་དུ་ཁྱབ་པར་བྱེད། སློབ་སྦྱོང་དང་། ལྟ་ཞིབ། འཚོལ་ཞིབ”ཅེས་པའི་བརྗོད་དོན་གཙོ་བོའི་ཚན་རིག་ཁྱབ་གདལ་བྱེད་སྒོ་གཉེར་བ་དང་དགེ་སློབ་བརྒྱ་ཙམ་ཞུགས་ཡོད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་སྐྱེ་དངོས་ཚན་རིག་ཞིབ་འཇུག་སུའོ་རུ་ཞིབ་འཇུག་པ་ཀྲོའུ་མེ་ལེང་གིས་བྲ་བོ་དང་འབྲེལ་བ་ཡོད་པའི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་ཚོགས་པས་བྲ་བོའི་ཐོན་ཁུངས་བསྡུ་རུབ་དང་། དཔྱད་འདོམས། འདེབས་གསོ་བཅས་བྱེད་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

    ཟླ་5ཚེས་30ཉིན་ནི་ཀྲུང་གོ་ཚན་རིག་མཁས་ཅན་གྱི་རྟེན་མཛོད་ཁང་བཙུགས་ནས་ལོ་གཅིག་འཁོར་བའི་ལོ་དང་སྐབས་འཁེལ་ཞིང་། ལོ་གཅིག་རིང་ཀྲུང་གོ་ཚན་རིག་མཁས་ཅན་རྟེན་མཛོད་ཁང་གིས་རིམ་རྩིས་བརྒྱབ་ན། སྤྱི་དམངས་མི་ཐེངས་ཁྲི་17ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། “ཀྲུང་གོ་ཚན་རིག་མཁས་ཅན་རྟེན་མཛོད་ཁང་གིས་རང་རྟོགས་ངང་ཚན་རིག་རིག་གནས་སྐྱེད་སྲིང་དང་། སློབ་སྲོལ་བཟང་པོ་སྐྱོང་བ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཅས་ཀྱི་འགན་འཁྲི་ཁུར་ནས་ཚན་རིག་ལ་བརྩི་འཇོག་དང་གསར་གཏོད་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་རྒྱུར་རོགས་རམ་བྱེད་ཀྱི་ཡིན”ཞེས་ཀྲུང་གོ་ཚན་རིག་མཐུན་ཚོགས་ཚན་རིག་ལག་རྩལ་བརྒྱུད་བསྒྲགས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མོང་ལིང་ཡུན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།