དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཏང་འཛུགས་སྐྱོང་ལ་མཉམ་ཤུགས་བསྒྲིལ། རྩལ་ནུས་འགྲན་ནས་ཉམས་འགྱུར་ངོམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-02

    འདི་ནི་འགྲན་ཞུགས་དཔུང་ཁག་གིས་ངལ་རྩོལ་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་དཔྱད་འདེམས་པ་རྣམ་པས་ས་གནས་ས་ཐོག་ཏུ་སྐར་མ་རྒྱག་བཞིན་པ།

    ཉེ་ཆར། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཆེས་མཐོ་གནོན་ཡན་ལག་ཀུང་སིས་ཆན་ཧྥུའུ་±400ལྷ་ས་གློག་སྒྱུར་ས་ཚིགས་སུ“ཏང་འཛུགས་སྐྱོང་ལ་མཉམ་ཤུགས་བསྒྲིལ། རྩལ་ནུས་འགྲན་ནས་ཉམས་འགྱུར་ངོམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གློག་སྐུད་མཐུད་པའི་ངལ་རྩོལ་འགྲན་བསྡུར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “འགྲན་བསྡུར་ལྔ་དང་། འཛུགས་གཏོད་ལྔ། འགན་སྲུང་གཅིག”བཅས་ཀྱི་ངལ་རྩོལ་འགྲན་བསྡུར་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ད་ཐེངས་ཀྱི་བྱེད་སྒོས་རྨང་གཞིའི་འཛུགས་སྐྲུན་དཔུང་ཁག་དང་འཁོར་སྐྱོད་ཞིབ་བཤེར་དཔུང་ཁག་འགྲན་ར་གཅིག་གི་ཐོག་བཀོད་སྒྲིག་བྱས་པས། ཏང་འཛུགས་སྐྱོང་མཉམ་སྐྲུན་གྱི་རྣམ་པ་གསར་གཏོད་དང་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཇུས་འགོད་དང་། ཨར་སྐྲུན། འཁོར་སྐྱོད་ཞིབ་བཤེར་བཅས་ཀྱི་འབྲེལ་ཐག་ཧྲིལ་པོར་ལག་རྩལ་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས་བྱང་ཚད་མཐོ་བའི་འཁོར་སྐྱོད་ཞིབ་བཤེར་དཔུང་ཁག་སྐྱེད་སྲིང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།