དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོས།

    མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་ འགག་གནད”ཕྱོགས་ཡོངས་ནས་བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-02

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་ཞབས་ཞུ་ཤར་གཏོང་དང་། མྱུར་སྐྱེལ་ཤར་གཏོང་། དྲ་རྒྱ་ཤར་གཏོང་། དངུལ་རྩ་ཤར་གཏོང་། འགྲིམ་འགྲུལ་ཤར་གཏོང་བཅས“ཤར་གཏོང་ལྔའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། ཏང་འཛུཌ་སྐྱོང་གི་ལེགས་ཆ་དེ་དམངས་འཚོར་ཞབས་འདེགས་ཞུ་བའི་ནུས་ཕྱོད་ལ་འགྱུར་བར་བྱེད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་པ། དམངས་འཚོའི་དཀའ་གནད་རེ་རེ་བཞིན་སེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཕྱོགས་ཡོངས་ནས་བསལ་བ་རེད།

    ཏང་འཛུཌ་སྐྱོང་ཁྲིད་སྟོན་དུ་བྱས་ནས་བྱ་བ་དངོས་སྒྲུབ་པ་དང་དམངས་འཚོར་ཞབས་འདེགས་ཞུས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ། སྦྱར་གཞི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ས་ཡུལ་དངོས་སུ་བརྟག་ཞིབ་དང་གྲོང་མིའི་དོན་གྲོས་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད། ཐོན་སྐྱེད་དང་འཚོ་བའི་ཁྲོད་བྱུང་བའི་མང་ཚོགས་ཀྱི་མངོན་གསལ་དོད་པའི་དགོས་མཁོ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་རེད། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས། ཁོང་ཚོ་མང་ཚོགས་ཁྲོད་དུ་སྐྱོད་དོན་ནི། ཚང་མས་དངོས་འབྲེལ་དོ་ཁུར་བྱེད་པའི་གནད་དོན་བཙལ་ནས“ཤར་གཏོང་ལྔའི”བྱ་བཟང་ཡག་པོ་བསྒྲུབས་ཏེ། ཚང་མར་ཕན་པ་དངོས་ཐོབ་པར་བྱེད་ཆེད་རེད་ཅེས་བཤད།

    ཁོངས་གཏོགས་ཁུལ་གྱི་བྱེ་གཞུང་འབྲོག་ས་དང་རྫོབ་རང་འབྲོག་སའི་འཕྲིན་གཏོང་བརྡ་རྟགས་ཡག་པོ་མེད་པའི་གནད་དོན་ལ་དམིགས་ནས། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་ཀྲུང་གོ་སྒུལ་བདེ་དང་མཉམ་དུ་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ་ས་ཡུལ་དངོས་སུ་བསྐྱོད་ནས་བརྡ་རྟགས་ལ་བརྟག་དཔྱད་དང་ལག་རྩལ་ཐད་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་བརྒྱུད། མཐར་བྱེ་གཞུང་འབྲོག་སར་སྦྲེལ་ཚུགས་འཛུགས་སའི་གནས་གཏན་འཁེལ་བྱུང་བ་རེད།

    མིག་སྔར་ས་ཆ་འདེམས་པའི་འཆར་འགོད་དང་ས་དབྱིབས་ཐིག་ལེན་རིས་འབྲི་སོགས་ཀྱི་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་པ་དང་། མཇུག་ཏུ་སྦྲེལ་ཚུགས་ཞིབ་བཤེར་མཆན་འགོད་དང་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་རིམ་ལ་གང་མགྱོགས་སྐུལ་འདེད་བཏང་ནས། ད་ལོའི་ནང་འཕྲིན་གཏོང་བརྡ་རྟགས་ཡོངས་ཁྱབ་ཐུབ་པར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།