ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་བཞི་པའི་བོད་ལྗོངས་ཡུག་ཁུལ་ཏང་ཀྲི་པུས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
འདི་ནི“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཏང་ཡོན་ལས་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཀུང་སི་བཞི་པའི་བོད་ལྗོངས་ཡུག་ཁུལ་ཏང་ཀྲི་པུས་རང་སྐྱོང་ལྗོངས་སྤུས་ཚད་ལྟ་སྐུལ་སྤྱི་ཁྱབ་ས་ཚིགས་ཀྱི་ཏང་ཀྲི་པུའུ་དང་མཉམ་དུ“དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་བརྙན་ཐུང་བསྟན་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རྒྱལ་ཁབ་བདེ་འཇགས་སྲུང་བའི་འགན་འཁྲི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ནང་དོན་འཁྱོལ་བྱེད་དགོས་པའི་དྲན་སྐུལ་བྱས་པས། ཏང་ཡོན་ལས་བྱེད་པར་དྲན་སྐུལ་སློབ་གསོ་གཏིང་ཟབ་ཐེབས་ཡོད།