དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས།

    ཐབས་མང་མཉམ་སྤྱོད་ཀྱིས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-02

    2024ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གི་རྫོང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། “‘སྣེ་ཁྲིད་གཅིག’ཁ་གསལ་དང་། ‘ཇུས་གཞི་གཉིས’སྤྱོད་པ། ‘དོན་འཁྱོལ་གསུམ’ལ་དམ་འཛིན”བཅས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་གི་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་པས་གསོན་ཤུགས་གསར་པ་མངོན་ཡོད་པ་རེད།

    “སྣེ་ཁྲིད་གཅིག”ཁ་གསལ་བཟོས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་ཆབ་སྲིད་ནུས་པ་ཆེ་རུ་བཏང་ཞིང་། ལྷོ་རོང་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་དང་མཉམ་འདྲེས་བྱས་ཁར་དུས་རྒྱུན་ནས་དམ་འཛིན་བྱེད་ཀྱི་ཡོད། 2024ལོ་ཚུན་དུ་རྫོང་ཐད་གཏོགས་ལས་ཁུངས་ཁག་གི་ཏང་རྩ་འཛུགས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་ཆེད་དོན་བགྲོ་གླེང་ཚོགས་འདུ་བརྒྱུད།“གྲོས་དོན་དང་པོའི”ལམ་ལུགས་ཐེངས་2000ལྷག་ཙམ་ལག་བསྟར་དོན་འཁྱོལ་བྱས་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་སྒོ་བརྒྱུད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཐེངས་1100ལྷག་ཙམ་སྤེལ་ཡོད།

    “ཇུས་གཞི་གཉིས”སྤྱད་དེ་དཔེ་བཟང་ལས་ཁུངས་འཛུགས་གཏོད་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། ལྷོ་རོང་རྫོང་གིས《〈ཆབ་མདོ་གྲོང་ཁྱེར་གྱི“ཏང་འཛུགས་སྐྱོང་བརྟན་གཏོང་ལོའི”ལག་བསྟར་ཇུས་གཞི〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལྷོ་རོང་རྫོང་གི་ལས་འགན་དབྱེ་འབྱེད་ཇུས་གཞི》བཀྲམ་ནས། དཔེ་བཟང་ལས་ཁུངས་འཛུགས་གཏོད་བྱ་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩི་བ་དང་། གཙོ་གནད་ལས་འགན་ཞིབ་ཚགས་སུ་གཏོང་བ། དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། གཞན་ཡང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས། 《ལས་ཐོག་ཏང་ཡོན་སྲིད་འཛིན་གྲོང་ཚོར(སྡེ་ཁུལ)“འབྱོར་ཐོ་གཉིས་འགོད”ལ་བསྐྱོད་པའི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་རྒྱུའི་སྐོར་གྱི་ལྷོ་རོང་རྫོང་གི་ལག་བསྟར་ཇུས་གཞི》ཞིབ་འཇུག་དང་བཟོས་ནས་བཀྲམ་སྟེ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད”བྱེད་སྒོ་ཐེངས་750ལྷག་ཙམ་སྤེལ་བར་ཁྲིད་སྟོན་བྱས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་130ལྷག་ཙམ་ཐག་གཅོད་བྱས་པ་རེད།

    “དོན་འཁྱོལ་གསུམ”ལ་དམ་འཛིན་ཡག་པོ་བྱས་ཏེ་ཞུམ་མེད་སྟོབས་ལྡན་གྱི་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཤིག་བཙུགས་ཤིང་། ལྷོ་རོང་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཏང་ཡོན་འཕེལ་རྒྱས་གཏོང་བའི་འགག་སྒོར་དམ་འཛིན་ནན་པོ་དང་གཞི་རིམ་གྱི་འཐབ་ས་དང་པོ་དང་ལས་སྒོའི་རྐང་འཛིན་པའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་བཏང་བ་དང་འབྲེལ། “རིག་ལྡན་ཏང་འཛུགས་སྐྱོང”གི་མ་ལག་ལ་བརྟེན་ནས་དུས་ཚིགས་རེར་ལས་ཁུངས་ཁག་གི་ཏང་ཀྲི་པུས་ཆབ་མདོའི་རིག་ལྡན་ཏང་འཛུགས་སྐྱོང་མ་ལག་བརྒྱུད“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལ་ཞུགས་ཚུལ་བརྡ་ཁྱབ་བཏང་སྟེ་ཏང་ཀྲི་པུའུ་བཀོད་སྒྲིག་ཚད་ལྡན་མེད་པའི་གནད་དོན་དག་ཐེར་ཏན་ཏིག་བྱས་པ་རེད། ཏང་དོན་ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་བའི་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཏང་དོན་ལས་བྱེད་པ་དང་ཏང་ཞུགས་ཧུར་བརྩོན་ཅན། འཕེལ་རྒྱས་གཏོང་ཡུལ་བཅས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་ལས་བྱེད་པའི་ལས་སྒོའི་ནུས་པ་ཆེ་རུ་དང་ཏང་ཞུགས་ཧུར་བརྩོན་ཅན་དང་འཕེལ་རྒྱས་གཏོང་ཡུལ་གྱི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། ཀྲི་པུའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་སྐྱོང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས། “ཀྲི་པུའུ་རེར་སྤུས་རྟགས་རེ”ཡི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་བྱེད་ཟབ་ཏུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།