དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་འོ་བརྒྱལ་ཐང་སྡེ་ཁུལ་གྱིས།

    “བསྡོམས་འཐེན་བསྒྱུར་བགོས”ཀྱི་ཐབས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-02

    ཉེ་བའི་ལོ་ཤས་རིང་། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་འོ་བརྒྱལ་ཐང་སྡེ་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་ལ་དམིགས་ནས“བསྡོམས་འཐེན་བསྒྱུར་བགོས”ཀྱི་ལས་ཀའི་བྱ་ཐབས་དམ་འཛིན་བྱ་གཞིར་བྱས་ཏེ། ཐོན་ཁུངས་བསྡུ་སྒྲིལ་དང་། གཞི་ཁྱོན་ལེགས་སྒྲིག ཕན་ནུས་ཆེར་གཏོང་། དོན་གནད་ཚད་ལྡན་སོགས་ཐད་གནད་སྨིན་ཇུས་བསྟར་བྱས་པས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་དང་ནུས་པ་གཅིག་སྡུད་ཀྱིས་ཕན་འབྲས་ཆེ་རུ་གཏོང་བའི་ལམ་བུ་ཞིག་ཏུ་རིམ་བཞིན་བསྐྱོད་ཡོད་པ་རེད།

    ཐོན་ཁུངས་སྤྱི་འདོམས་ཐད“བསྡོམས་ཐབས”སྤྱད་ནས་སྡེ་ཁུལ་གྱིས་སྤྱོད་ཚུལ་འཛུགས་སྐྱོང་ཨང་དང་པོར་བཞག་སྟེ་ཀརྨ་དགོན་གསར་ཁྲོམ་གཞུང་གི་འགན་སྒྲུབ་གསལ་ཐོ་དོན་འཁྱོལ་གཏིང་ཟབ་བྱས་ཡོད། “སྡེ་ཁུལ་དང་། དྲ་རྒྱ། དང་བླངས་པ། སྤྱི་ཚོགས་དགེ་སྒྲུབ་ཐོན་ཁུངས་བཅས་ཟུང་དུ་འབྲེལ་བ”དང“སྡེ་ཁུལ་བཞི་མཉམ་འགུལ”གྱི་བཅོས་སྐྱོང་བྱེད་སྟངས་གསར་གཏོད་དང་ཁྱབ་སྤེལ་བཏང་ནས་དགོས་མཁོ་དང་། ཐོན་ཁུངས། རྣམ་གྲངས་བཅས་ཀྱི“གསལ་ཐོ་གསུམ”གོ་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཏེ། མུ་མཐུད་མ་དངུལ་བཏང་ནས་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ལྟེ་གནས་དང་བུ་བཅོལ་ལྟེ་གནས་སོགས་སྡེ་ཁུལ་བཅོས་སྐྱོང་གི་གཙོ་གནད་རྣམ་གྲངས་མང་པོ་བསྐྲུན་ནས་གྲོང་ཁྱེར་སྡེ་ཁུལ་འཕེལ་རྒྱས་ཀྱི་ཞན་ཆ་ནུས་ལྡན་ངང་བསལ་ཡོད།

    སྡེ་ཁུལ་གྱི་བཅོས་སྐྱོང་བར་སྟོང་གྲུབ་ཆ་དང་ཞབས་ཞུ་སྒྲུབ་ནུས་མི་འཚམ་པའི་གནད་དོན་ལ་དམིགས་ནས། སྡེ་ཁུལ་གྱིས་གཞི་ཁྱོན་ལེགས་སྒྲིག་བྱེད་པའི་ཐད“འཐེན་ཐབས”སྤྱད་ཡོད། “གྲོང་ཤར་བདེ་སྡོད་གླིང་གསར་པར”དཔེ་བཞག་ན། ཁུལ་ཆུང་དེར་སྐབས་ཤིག་རིང་དོ་དམ་ཟང་ཟིང་དང་ཁོར་ཡུག་བཙོག་ཟིང་ཞན་སོགས་ཀྱི་གནད་དོན་ཡོད། གནད་དོན་དེ་རྩ་བ་ནས་ཐག་གཅོད་བྱ་ཆེད་སྡེ་ཁུལ་གྱིས་ཁུལ་ཆུང་དེར་དོ་བདག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐུལ་འདེད་བཏང་བ་དང་ཉིན་རེའི་ལས་རེས་ལམ་ལུགས་བཙུགས་པ་རེད།

    བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཐད་སྡེ་ཁུལ་གྱིས“སྒྱུར་ཐབས”སྤྱད་ཡོད། “གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི”ལས་སྟེགས་ལ་བརྟེན་ནས“དྲ་མིག་བསྡུ་རུབ་དང་། སྡེ་ཁུལ་ལ་ཞིབ་འཇུག་བརྡར་གཅོད། ལས་སྟེགས་ཐོག་གོང་ཞུ”བཅས་ཀྱི་ལས་ཀའི་གོ་རིམ་གསུམ་བཟོས་ཏེ་འགན་འཁྲི་གཙོ་བོ་ཁ་གསལ་བཟོས་ཡོད། ལྡོག་ཕྱོགས་གདེང་འཇོག་དང་མངགས་ཐོ་སྒྲུབ་གཉེར་དོན་འཁྱོལ་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་པ་དང་སྡེ་ཁུལ་ལ་སྐད་ཆ་ཤོད་དབང་སྤྲད་ནས་གནད་དོན་ཤེས་རྟོགས་དང་། གནད་དོན་སྒྲུབ་གཉེར། གནད་དོན་ཐག་གཅོད། གནད་དོན་དཔྱད་བསྡུར་བཅས་ཀྱི་ལས་ཀའི་གདུབ་ཟུམ་ཆགས་པར་བྱས་ཏེ་ལས་སྒྲུབ་ལས་ཕྱོད་50%ཙམ་ཆེ་རུ་བཏང་ཡོད།

    ཚད་ལྡན་གྱི་དོན་ཚན་ཐད“བགོས་ཐབས”སྤྱད་ཡོད། སྡེ་ཁུལ་གྱིས“ལས་འགན་གཙང་སྒྲུབ་ཀྱི་རྩིས་ཐོའི་དོན་ཚན”དང་བསྡུར་བ་ནན་པོ་བྱས་ཏེ་ཁྲོམ་གཞུང་དང་ཆུས་རིམ་པའི་སྡེ་ཚན་གྱི་དབང་ཆ་དང་འགན་འཁྲིའི་དབྱེ་མཚམས་གསལ་པོ་བཟོས་ཡོད། སྒྲིག་འགལ་གནད་དོན་གཙང་སེལ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས་སྡེ་ཁུལ་གྱི་ཏང་རྩ་འཛུགས་དང་། གྲོང་མི་ཨུ་ལྷན། སྡེ་ཁུལ་གྱི་ལས་དོན་ལྟ་སྐུལ་ཨུ་ལྷན་བཅས་ཀྱི་དགོས་ངེས་ཀྱི་བྱང་བུ་གསུམ་ཁོ་ན་སོར་འཇོག་བྱས་པ་དང་བྱང་བུ་ལྷག་མ་20ལྷག་ཙམ་གཙང་སེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།