དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས།

    ནུས་ཤུགས་གཅིག་སྒྲིལ་གྱིས་ཁོར་ཡུག་བཅོས་སྒྲིག་བྱས་ནས་སྡེ་ཁུལ་གྱི་རྣམ་པ་ལེགས་སུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-02

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་རབ་གསལ་སྡེ་ཁུལ་གྱིས“ཞན་ཆ་སེལ་བ་དང་། འགག་ས་གཤོང་བ། དཀའ་གནད་སེལ་བ”བཅས་ཀྱི་ལས་ཀའི་བྱེད་ཐབས་གསུམ་ལ་བརྟེན་ནས་གཅིག་སྡུད་བཅོས་སྐྱོང་བྱ་སྤྱོད་རབ་དང་རིམ་པ་སྤེལ་བས་སྡེ་ཁུལ་གྱི་རྣམ་པ་ལེགས་སུ་ཕྱིན་པ་དང་མཛེས་མཐུན་གཉིས་ལྡན་གྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

    རབ་གསལ་སྡེ་ཁུལ་གྱིས་དྲ་མིག་པ་དང་། གཉིས་ལྡན་དུད་སྦྲེལ། འགན་འཁྲི་གཙང་ལེན་ལས་བྱེད་པ་སོགས་ཕྱོགས་མང་པོའི་ནུས་ཤུགས་གཅིག་སྒྲིལ་གྱིས“ཆ་བགོས་འགན་ལེན་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བའི”ལམ་སྲོལ་ཁ་གསལ་བཟོས་ཏེ་བར་ཁྱམས་ཀྱི་གད་སྙིགས་དང་། སྐོར་སྐྱོད་ཁྲོམ་སྟོན་ཚོང་པ། བཟའ་བཅའི་བདེ་འཇགས་བཅས་ཀྱི“འགན་འཁྲི་གཉིས”དང་། “ཁྲིམས་འགལ་གཉིས”ཀྱི་ཨར་སྐྲུན། སྒྲིག་འགལ་གྱི་ཚོང་ཁང་སྒོ་བྱང་། ཚོང་ཁང་ཕྱི་རོལ་དུ་ཚོང་རྒྱག་པ། ཆུ་ལམ་དུ་གད་སྙིགས་གསོག་པ། ཁུག་ཀྱོག་གི་བཙོག་ཟིང་། གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པ། ཁང་པའི་ཕྱི་རོལ་དུ་གཅེས་ཉར་སྲོག་ཆགས་གློད་པ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནད་དོན་ལ་དམིགས་ཏེ“ལེབ་བཤེར་རྣམ་པའི”གཙང་སེལ་བཅོས་སྒྲིག་བྱས་ཡོད། ད་རེས་ཀྱི་གྲལ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བའི་སྒྲིག་འགལ་གྱི་བྱེད་སྤྱོད་ཐད་གྲོང་ཁྱེར་དོ་དམ་སྡེ་ཚན་དང་མཉམ་དུ《ལྷ་ས་གྲོང་ཁྱེར་གྱི་གནའ་གྲོང་སྲུང་སྐྱོང་སྲོལ་ཡིག》སོགས་ཁྲིམས་སྲོལ་དང་ཚད་གཞིར་ནན་པོར་གཞིགས་ནས་ཐག་གཅོད་ནན་པོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།