རྒྱལ་མཚམས་བསྒྲལ་བའི“སྤུན་ཟླའི”བརྩེ་སེམས།
འདི་ནི་ཀྲུང་གོ་དང་འབར་མའི་སྤུན་ཟླའི་རབ་མྱོས་དུས་ཆེན་གྱི་ཡུལ་དངོས་ཡིན་པ།
ཆན་ཅིང་ཐའེ་ཡིས་པར་བླངས།
འདི་ནི་རྒྱལ་མཚམས་དཔེ་དེབ་ཁང་དུ་རྒྱལ་ཁོངས་འབར་མ་ནས་ཡིན་པའི་སློབ་མ་ཞིག་གིས་རྒྱ་སྐད་སྦྱོང་བཞིན་པ།
འདི་ནི་རྒྱལ་ཁོངས་འབར་མ་ནས་ཡིན་པའི་སློབ་མ་རྣམས་དགེ་རྒན་གྱི་སྣེ་ཁྲིད་འོག་དབྱིན་ཅིང་སློབ་ཆུང་དུ་སྐྱོད་བཞིན་པ།
འདི་ནི་འདི་ག་ཚགས་པར་གྱི་གསར་འགོད་པས(གཡོན)དབྱིན་ཅིང་སློབ་ཆུང་དུ་རྒྱལ་ཁོངས་འབར་མ་ནས་ཡིན་པའི་སློབ་མར་བཅར་འདྲི་བྱེད་བཞིན་པ།
འདི་ནི་དབྱིན་ཅིང་སློབ་ཆུང་དུ་ཀྲུང་གོ་དང་འབར་མའི་སློབ་མས་སྤྱི་ཚོགས་ཚོཌ་པའི་བྱེད་སྒོ་སྤེལ་བཞིན་པ།
འདི་ནི་རུའེ་ལི་གྲོང་ཁྱེར་གྱི“གྲོང་སྡེ་གཅིག་དང་རྒྱལ་ཁབ་གཉིས”ཀྱི་མཛེས་ལྗོངས་ཁུལ་ཡིན་པ།
གོང་གསལ་པར་རིས་ཚང་མ་མི་དམངས་དྲ་བའི་གསར་འགོད་པ་ཀྲོང་ཀྲི་པིན་གྱིས་པར་བླངས།
ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་རྒྱལ་མཚམས་རྡོ་རིང་ཨང་71པའི་འགྲམ་དུ་ངོ་མཚར་ཆེ་ཞིང་ཡིད་དུ་འོང་བའི་གྲོང་སྡེ་ཞིག་ཡོད། རྒྱལ་མཚམས་ས་ཐིག་གིས་གྲོང་སྡེ་དེ་ཕྱོགས་གཉིས་སུ་བགོས་ཏེ“གྲོང་སྡེ་གཅིག་དང་རྒྱལ་ཁབ་གཉིས”ཀྱི་ངོ་མཚར་ཅན་གྱི་རྣམ་པ་དེ་གྲུབ་ཡོད། ཀྲུང་གོའི་ཕྱོགས་སུ་གནས་པའི་དབྱིན་ཅིང་སློབ་ཆུང་དུ་གུང་གསེང་མིན་ཚེ་ཉིན་ལྟར“སློབ་གྲྭར་སྐྱོད་དུས་རྒྱལ་མཚམས་སྒྲོལ་བ་དང་སློབ་གྲྭ་གྲོལ་ན་རྒྱལ་མཚམས་འཛུལ་བའི”“ཕྱི་སྦྱོང་སློབ་མ་ཆུང་ཆུང”ཁྱུ་གཅིག་སླེབས་ཀྱི་ཡོད།
ཡུན་ནན་ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཀྲོའུ་ཡི་མཐའ་མཚམས་གྲོང་ཁྱེར་རུའེ་ལི་ནི་འབར་མ་དང་རི་ཆུ་འབྲེལ་ཡོད། ཡུལ་དེ་གར་མི་རྣམས་གནའ་བོའི་གཏམ་རྒྱུད་ཅིག་བརྗོད་རྒྱུར་དགའ་སྟེ། གནའ་སྔ་མོའི་དུས་སུ་འབྲུག་གི་སྒོ་ང་ནས་ཀྲུང་གོ་དང་འབར་མའི་མིང་སྲིང་སྐྱེས་པ་དང་ཤ་ཁྲག་གི་འབྲེལ་བའི་ས་བོན་ས་གཞི་འདི་གར་རྩ་བ་ཚུགས་ཡོད་ཅེས་པ་དེ་རེད། “པའོ་པོ”ཞེས་པའི་ཐ་སྙད་ནི་འབར་མའི་གནའ་བོའི་སྐད་ནས་བྱུང་བ་དང“གཉེན་ཉེ”དང“སྤུན་ཟླ”ཞེས་པའི་དོན་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ངག་ནས་ལོ་ངོ་བརྒྱ་ཕྲག་རིང་བརྗོད་ཡོད།
ད་ཆ་འབར་མའི་མེ་ཏོག་གི་དྲི་བསུང་སྔར་བཞིན་མཐའ་མཚམས་ཆུ་བོའི་ངོགས་གཉིས་སུ་འཐུལ་ཞིང་། ཉིན་རེ་བཞིན་འཁྲུག་ཏུ་འགྲོ་བའི་རིག་གནས་སྤེལ་རེས་ཀྱི་རྣམ་པ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། རྒྱལ་མཚམས་བསྒྲལ་བའི“སྤུན་ཟླའི”བརྩེ་སེམས་ནི་གྲོང་སྡེའི་མདུན་དུ་རྒྱུག་པའི་ཆུ་རྒྱུན་དང་འདྲ་བར་ངོགས་གཉིས་སུ་ཡོད་པའི་མི་རྣམས་ཀྱི་ཡིད་ཀྱི་ཞིང་ས་བརླན་པ་མ་ཟད། བརྩེ་སེམས་དེ་ནི་འབྲལ་ཐབས་མེད་ལ་རྒྱུན་ཡང་ཆད་རྒྱུ་མེད་པ་ཞིག་རེད།