དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་ལ་མ་དངུལ་གཏོང་ཚད་ལོ་4བསྟུད་མར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-01

    ཉེ་ཆར། རང་བྱུང་ཐོན་ཁུངས་པུའུ་གཞུང་དོན་ཐིང་གིས་བཀྲམ་པའི《2024ལོའི་རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་བསྡོམས་རྩིས་ཀྱི་ལོ་འཁོར་སྙན་ཞུའི》ནང་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་229.57བཏང་བ་དེ་དུས་མཚུངས་ལས་14.4%འཕར་ནས་ལོ་4བསྟུད་མར་འཕར་ཡོད་པ་རེད།

    《ལོ་འཁོར་སྙན་ཞུའི》ནང་མངོན་པར། 2024ལོའི་རྒྱལ་ཡོངས་ཀྱི་སྣུམ་རླངས་མིན་པའི་ས་གཤིས་རྩད་ཞིབ་ལ་མ་དངུལ་གཏོང་ཕྱོགས་ནས་བལྟས་ན། གཏེར་རྫས་རྩད་ཞིབ་ལ་མ་དངུལ་སྒོར་དུང་ཕྱུར་139.17བཏང་བ་དེས་སྤྱི་འབོར་གྱི་60.6%བཟུང་ནས་དུས་མཚུངས་ལས་18.4%འཕར་ཡོད། རྨང་གཞིའི་ས་གཤིས་བརྟག་དཔྱད་ལ་མ་དངུལ་སྒོར་དུང་ཕྱུར་26.56བཏང་བ་དེས་སྤྱི་འབོར་གྱི་11.6%བཟུང་ནས་དུས་མཚུངས་ལས་19.5%འཕར་ཡོད། ཆུ་དཔྱད་ས་གཤིས་དང་། ཁོར་ཡུག་ས་གཤིས། ས་གཤིས་གནོད་འཚེ་བཅས་ཀྱི་བརྟག་དཔྱད་གདེང་འཇོག་ལ་མ་དངུལ་སྒོར་དུང་ཕྱུར་41.22བཏང་བ་དེས་སྤྱི་འབོར་གྱི་17.9%བཟུང་ནས་དུས་མཚུངས་ལས་7.6%འཕར་ཡོད། 2024ལོར་གཏེར་རྫས་རྩད་ཞིབ་རྣམ་གྲངས་ཐེངས་4068ལག་ལེན་བསྟར་བ་དེ་དུས་མཚུངས་ལས་7.3%འཕར་བ་དང་། གསོར་འབིགས་ལས་དོན་ལེགས་སྒྲུབ་བྱེད་ཚད་སྨི་ཁྲི་1019ཟིན་པ་དེ་དུས་མཚུངས་ལས་12.5%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།