མཁའ་འདྲི་ཨང་གཉིས་པའི་འཕེན་གཏོང་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ།
རང་རྒྱལ་གྱིས་རྒྱུ་སྐར་ཆུང་གྲས་འཚོལ་ཞིབ་དང་མ་དཔེ་བླངས་ནས་ཕྱིར་ལོག་འགོ་ཚུཌ་པ།
གསར་འགོད་པར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་29ཉིན་གྱི་ཆུ་ཚོད་1དང་སྐར་མ་31ཙམ་ལ། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་Y110སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་ནས་རྒྱུ་སྐར་འཚོལ་ཞིབ་ལས་གྲྭའི་མཁའ་འདྲི་ཨང་གཉིས་པའི་འཚོལ་ཞིབ་ཡོ་ཆས་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་ཡོད། མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱས་ནས་སྐར་མ་18ཙམ་སོང་རྗེས། འཚོལ་ཞིབ་ཡོ་ཆས་སའི་གོ་ལ་ནས་རྒྱུ་སྐར་ཆུང་གྲས་2016H03གྱི་སྤོ་སྒྱུར་འཁོར་ལམ་དུ་བསྐྱལ་བ་རེད། དེ་རྗེས་འཚོལ་ཞིབ་ཡོ་ཆས་ཀྱི་ཉི་ནུས་གཤོག་པ་རྒྱུན་གཏན་ལྟར་བརྐྱངས་ནས་འཕེན་གཏོང་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱས་ཡོད།
མཁའ་འདྲི་ཨང་གཉིས་པའི་ལས་འགན་ནི་ལས་གྲྭ་སྤྱི་ཡོངས་དང་འཚོལ་ཞིབ་ཡོ་ཆས་དང་། སྐྱེལ་འདྲེན་མེ་ཤུགས་འཕུར་མདའ། འཕེན་གཏོང་དང་ཚུར་བསྡུ། ཚད་ལེན་ཚོད་འཛིན། ས་ངོས་བཀོལ་སྤྱོད་བཅས་མ་ལག་ཆེན་པོ་ལྔ་ལས་གྲུབ་ཅིང་། དེའི་ནང་ཁྱོན་འཕེན་གཏོང་དུས་མཚམས་དང་རྒྱུ་སྐར་ཆུང་གྲས་སྤོ་སྒྱུར་དུས་མཚམས་སོགས་འཕུར་སྐྱོད་དུས་མཚམས་13ཚུད་ཡོད། མཁའ་འདྲི་ཨང་གཉིས་པའི་ལས་འགན་དང་དམིགས་ཚད་གཙོ་བོ་ནི་རྒྱུ་སྐར་ཆུང་གྲས་2016HO3ལ་འཚོལ་ཞིབ་མ་དཔེ་ལེན་པ་དང་འབྲེལ། སའི་གོ་ལར་ཕྱིར་ལོག་བྱས་རྗེས་ཁུལ་གཙོ་བོའི་སྐར་མ་མཇུག་རིང་311Pལ་ཚན་རིག་འཚོལ་ཞིབ་བྱ་རྒྱུ་དེ་རེད།