《ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་རྟགས》ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཟླ་6པ་ནས་དངོས་སུ་ལག་ལེན་བསྟར་བ།
《ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་རྟགས》ཀྱི(GB/T 45419-2025)རྒྱལ་ཁབ་ཀྱི་ཚད་གཞི་2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་བ་རེད། ཚད་གཞི་དེ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཨུ་ལྷན)ཀྱིས་ཆོག་མཆན་སྤྲད་ནས་ཡོངས་བསྒྲགས་བྱས་པ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བཟོས་པ་རེད།
འདི་ནི་ཚེས་29ཉིན་གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཚད་གཞི་དེའི་ནང་རུ་རྟགས་ཀྱི་སྤུས་ཚད་བླང་བྱ་དང་། ཚོད་ལྟ་བྱ་ཐབས། ཞིབ་དཔྱད་སྒྲིག་སྲོལ། མཚོན་རྟགས། ཐུམ་སྒྲིལ། སྐྱེལ་འདྲེན། ཉར་ཚགས་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ཡོད་པ་དང་། རུ་རྟགས་ཀྱི་བཟོ་ལྟ་དང་། ཆེ་ཆུང་། ཚོས་གཞི་སོགས་ཀྱི་ཐད་ཞིབ་ཕྲའི་དམིགས་ཚད་བཏོན་ཡོད། ཚད་གཞི་དེ་ལག་ལེན་བསྟར་བ་དེས་ཐོན་སྐྱེད་ཁེ་ལས་ལ་ཐོན་སྐྱེད་ཀྱི་གཞི་འཛིན་ས་ཁ་གསལ་མཁོ་འདོན་བྱས་ཡོད་པ་དང་། རུ་རྟགས་ཀྱི་སྒམ་ནན་རང་བཞིན་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་གཟུགས་བརྙན་སྔར་བས་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།