ལྔ་པའི་ཚེས་ལྔའི་དུས་ཆེན་རིང་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་ནས་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་6.87ཟིན་རྒྱུ་ཡིན་པ།
ཚེས་29ཉིན་གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། སྔོན་དཔག་ལ་གཞིགས་ན། འདི་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་སྤྱི་ཚོགས་ཡོངས་སུ་ས་ཁོངས་བརྒལ་ནས་འགྲོ་འོང་བྱེད་ཚད་མི་ཐེངས་དུང་ཕྱུར་6.87ཟིན་རྒྱུ་ཡིན་པ་དེ་2024ལོའི་དུས་མཚུངས་ལས་7.7%ཙམ་འཕར་རྒྱུ་རེད།
ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་དུས་ཚོད་ཐུང་བས་འཁོར་གཏོང་ཕྱིར་སྐྱོད་བྱེད་མཁན་མང་པོ་ཡོད། སྔོན་དཔག་ལ་གཞིགས་ན། འདི་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དུ་ཉིན་རེར་རླངས་འཁོར་འགྲུལ་བཞུད་བྱེད་ཚད་ཁྲི་4070ཙམ་ཟིན་རྒྱུ་ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས་3%ཙམ་འཕར་རྒྱུ་རེད། ཉིན་རེར་ནུས་རྒྱུ་གསར་པའི་རླངས་འཁོར་འགྲུལ་བཞུད་བྱེད་ཚད་ཁྲི་830ཙམ་ཟིན་རྒྱུ་ཡིན་པ་དེས་ཉིན་རེར་རླངས་འཁོར་འགྲུལ་བཞུད་བྱེད་ཚད་བསྡོམས་འབོར་གྱི་21%ཙམ་བཟུང་ནས། ན་ནིང་གི་དུས་མཚུངས་ལས་མངོན་གསལ་དོད་པོས་འཕར་རྒྱུ་རེད།
གུང་གསེང་རིང་ནུས་རྒྱུ་གསར་པའི་རླངས་འཁོར་འགྲུལ་བཞུད་བྱེད་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུས་དྲན་སྐུལ་བྱས་དོན། རྒྱ་ཆེའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་བདག་གིས་ཕྱིར་མ་ཐོན་གོང་འགྲོ་ལམ་དང་གློག་གསོག་འཆར་གཞི་ཡག་པོ་བཟོ་བ་དང་འབྲེལ། འཚང་གཡོལ་ཕྱིར་སྐྱོད་དང་གློག་ཡག་པོ་གསོག་དགོས།