དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་4པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་18845ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-01

    ད་ལོའི་ཟླ་4པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་18845ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་24559(དེའི་ནང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་100དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་1113ཚུད་པ)ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ། མི་16513ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པ་རེད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་སུ་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་ཟླ་རེའི་ཞུ་ཐོའི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། བརྡ་ཁྱབ་ནང་མངོན་པར་གཞིགས་ན། ད་ལོའི་ཟླ་4པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་18845ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་24559(དེའི་ནང་ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་100དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་1113ཚུད་པ)ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ། མི་16513ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པ་རེད།

    བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་4པར། རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱོན་ཁག་9658ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་12845ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ་རེད། དེའི་ནང“འགན་འཁྲི་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ། བྱས་རྗེས་འཇོག་ཁུལ་བྱས་པ་བཅས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི”ཐད་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་ཚད་མང་ཤོས་ཡིན་པ་དང་། དེའི་ཐད་ཀྱི་གྱོད་གཞི་ཁག་8329ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་11177ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ་རེད།

    བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་4པར། རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་ཐད་ཀྱི་གནད་དོན་ཁག་9187ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་11714ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པའི་ནང་རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་ལག་རྟགས་དང་འབུལ་རྟེན་སྒྲིག་འགལ་ངང་སྤྲོད་ལེན་བྱས་པའི་གནད་དོན་ཁག་5097དང་། ཕོགས་སྣོན་ཁ་གསབ་དང་ཕན་བདེའི་གྲོན་དངུལ་སྒྲིག་འགལ་ངང་སྤྲད་པའི་གནད་དོན་ཁག་1149 སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་ཁག་1853བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་པ་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།