རང་རྒྱལ་གྱི་གློག་སྒུལ་རྐྱང་པའི་འགྲུལ་སྐྱེལ་གྲུ་གཟིངས་ཐོག་མ་དེ་ཚོད་གཏོང་བྱས་པ།
ཟླ་5ཚེས་28ཉིན་གྱི་ཕྱི་དྲོར། གློག་སྒུལ་རྐྱང་པའི་འགྲུལ་སྐྱེལ་གྲུ་གཟིངས“ཡུད་ཅན་77”(གཡས)ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཨན་གྲོང་ཁྱེར་སའེ་ཅང་གཙང་པོ་རྒྱུག་ཁུལ་དུ་ཚོད་གཏོང་ལེགས་གྲུབ་བྱུང་ཡོད། སྔོན་དཔག་བྱས་ན་གྲུ་གཟིགས་དེ་ད་ལོའི་ཟླ་དྲུག་པར་རྩིས་སྤྲད་ནས་ལས་གཉེར་བྱ་རྒྱུ་ཡིན་པ་དང་། གྲུ་གཟིངས“ཡུད་ཅན་77”རྟགས་ཅན་གྱི་སྤྱིའི་རིང་ཚད་ལ་སྨི་49དང་ཞེང་ཚད་ལ་སྨི་14.5ཟིན་པ་དང་། འགྲུལ་པ་བླུག་ཚད་མི་གྲངས་358ཡིན་པ་མ་ཟད། མྱུར་ཚད་མགྱོགས་ཤོས་ནི་ཆུ་ཚོད་རེར་སྤྱི་ལེ་20དང་། བསྟུད་མར་ལམ་ཐག་མཚོ་ལེ་45བསྐྱོད་ཐུབ་པའི་ཁར་སོས་དལ་རོལ་རྩེད་དང་། སྤྲོ་གསེང་ལྗོངས་གཟིགས། ཚོགས་འདུ་འཚོག་ས། བཟའ་བཏུང་བྱ་ཡུལ་བཅས་ཀྱི་བྱེད་ནུས་འཛོམས་པས། རང་རྒྱལ་གྱི་རིམ་འཇུག་དཔྱད་ཞིབ་ཏུ་ཚུད་པའི་ཀྲུང་གོའི་གྲུ་གཟིངས་རིམ་འབྱེད་ཚོགས་པའི་གློག་སྒུལ་རྐྱང་པའི་འགྲུལ་སྐྱེལ་གྲུ་གཟིངས་ཐོག་མར་གྱུར་ཡོད།