ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་41པའི་རྟོག་ཞིབ་ལས་འགན་ཚང་མ་ལེགས་གྲུབ་ཟིན་པ།
འདི་ནི་ཟླ་5ཚེས་28ཉིན“གངས་འབྲུག་ཨང་2པ”རྟགས་ཅན་ཧའེ་ནན་ཧའེ་ཁོའུ་རུ་འབྱོར་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་28ཉིན“གངས་འབྲུག་ཨང་2པ”རྟགས་ཅན་གྱི་གླིང་སྣེའི་ཁུལ་གྱི་ཚན་རིག་རྟོག་ཞིབ་དར་གཤག་གྲུ་གཟིངས་ཧའེ་ནན་ཧའེ་ཁོའུ་རུ་འབྱོར་བ་དེ་ཐོག་ནས་ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས་41པས་རྟོག་ཞིབ་ལས་འགན་ཚང་མ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་མཚོན་གྱི་ཡོད། “གངས་འབྲུག་ཨང་2པ”རྟགས་ཅན་2024ལོའི་ཟླ་11ཚེས་1ཉིན་ཀོང་ཀྲོའུ་ནས་ཐོན་པ་དང་། དུས་ཚོད་ཉིན་208རིང་མཚོ་འགྲུལ་ལམ་ཐག་ཁྱོན་མཚོ་ལེ་ཁྲི་4ལྷག་ཙམ་བསྐྱོད་ཡོད་པ་རེད།
ད་ཐེངས་ཀྱི་རྟོག་ཞིབ་ནི་རང་རྒྱལ་གྱིས་ལྷོ་སྣེའི་སྟོན་དུས་སུ་ལོ་སི་རྒྱ་མཚོའི་སྐྱེ་ཁམས་མ་ལག་ཞིབ་འཇུག་བྱ་ཡུལ་གཙོ་བོར་བྱས་པའི་མཉམ་འབྲེལ་གྲུ་གཟིངས་གཏོང་ཐེངས་དང་པོ་དེ་ཡིན་ཞིང་། སྲོལ་རྒྱུན་གྱི་ལྷོ་སྣེའི་རྟོག་ཞིབ་དེ་དབྱར་དུས་ནས་རང་བྱུང་ཆ་རྐྱེན་དེ་བས་ཞན་པའི་སྟོན་དུས་དང་དགུན་དུས་སུ་སྣུར་སྲིང་བདེ་བླག་ཐུབ་ཡོད་པ་རེད།