གོང་དཀར་རྫོང་གིས་བསྡོམས་རྩིས་བརྟག་དཔྱད་ཀྱི་ལས་སྒོའི་གསོ་སྦྱོང་བྱས་པ།
ཉེ་ཆར། གོང་དཀར་རྫོང་གིས་བསྡོམས་རྩིས་བརྟག་དཔྱད་ལས་དོན་གྱི་ལས་སྒོའི་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ལྷོ་ཁ་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་གྲོང་ཁྱེར་བརྟག་དཔྱད་རུ་ཁག་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་ལས་སྒོའི་རྐང་འཛིན་པ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་རིང་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང་དེ་བཞིན་GDPདང་། བཟོ་ལས། བཟོ་སྐྲུན་ལས་རིགས། ཁྱིམ་ཚང་གི་བརྟག་དཔྱད་སོགས་བསྡོམས་རྩིས་ལས་སྒོའི་ནང་དོན་ལ་དམིགས་ནས་བརྒྱུད་རིམ་ལྡན་པར་ཆེད་དོན་གསལ་འགྲེལ་བྱས་ཤིང་། གྱོད་དཔེ་དབྱེ་ཞིབ་དང་ཟུང་འབྲེལ་བྱས་ནས་ལས་ཀའི་ཁྲོད་འཕྲད་པའི་རྒྱུན་མཐོང་གནད་དོན་ལ་དམིགས་སའི་རང་བཞིན་གྱི་ཐག་གཅོད་ཇུས་གཞི་བཏོན་པ་དང་། གསོ་སྦྱོང་ནང་ཞུགས་མཁན་གྱིས་བསྡོམས་རྩིས་གནད་འགག་ཁོང་དུ་ཡང་དག་ཆུད་རོགས་བྱས་ཏེ་རྗེས་མཐུད་ལས་དོན་ནུས་ཆེའི་སྒོ་ནས་སྤེལ་བར་བསམ་ཕྱོགས་གསལ་སྟོན་བྱས་ཡོད། དེ་དང་ཆབས་ཅིག་རྫོང་བསྡོམས་རྩིས་ཅུས་ཀྱིས་ཤང་དང་གྲོང་རྡལ་ཁག་དང་རྫོང་ཐད་གཏོགས་སྡེ་ཚན་ཁག་གཅིག་གི་ཚོགས་ཞུགས་པ་སྒྲིག་འཛུགས་བྱས་ནས་གྲོས་བསྡུར་བྱས་ཏེ། ལས་ཀའི་ཁྲོད་འཕྲད་པའི་དཀའ་ངལ་སྣ་ཚོགས་བསྡུ་རུབ་དང་ས་གནས་ས་ཐོག་ཏུ་དོགས་གཞི་སེལ་བ། གཞི་རིམ་བསྡོམས་རྩིས་ལས་དོན་གྱི་འགག་གནད་དང་དཀའ་གནད་ཐག་གཅོད་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་བསྡོམས་རྩིས་གྲུབ་འབྲས་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།