དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས།

    བྱ་ཐབས་དངོས་བཏོན་ནས་ཞིང་འབྲོག་མང་ཚོགས་འབབ་འཕར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-01

    འདི་ནི་ཡུལ་འདི་གའི་ཞིང་འབྲོག་ཁུལ་གྱི་གླ་པས་ལས་ཀ་བྱེད་བཞིན་པ།

    ད་ལོ་ཚུན་དུ་རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྷོ་ཁ་གྲོང་ཨུད་ཀྱི་འབྲེལ་ཡོད་ལས་ཀའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། འགན་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པོ་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་མང་ཚོགས་འབབ་འཕར་ལ་རམ་འདེགས་བྱས་ཡོད།

    རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དོན་གཉེར་བྱེད་པ་ཡིན་པའི”ལས་ཀའི་འདུ་ཤེས་ཕྱོགས་ཡོངས་ནས་བཙུགས་ཏེ་ལས་དོན་ཐམས་ཅད་རྣམ་གྲངས་ལ་དམིགས་ནས་བསྒྲུབས་ཐོག་རྣམ་གྲངས་གལ་ཆེན་གྱི་ལས་འགོ་འཛུགས་པ་དང་། སྤྱོད་འགོ་འཛུགས་པ། ཕན་འབྲས་ཐོན་པ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་རྣམ་གྲངས་བརྩོན་ལེན་བྱེད་པའི“རང་འགུལ་དམག་འཐབ”མཐའ་གཅིག་ཏུ་ཡག་པོ་བརྒྱབ་པ་དང་། རྣམ་གྲངས་འཕེལ་རྒྱས་ཀྱི“འདེགས་སྐྱོར་བརྟན་པོར”ཤུགས་བརྒྱབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལས་འགོ་ཚུགས་པ་དང་བསྐྱར་དུ་ཚུགས་པའི་རྣམ་གྲངས་6གིས་ས་གནས་དེ་གའི་མང་ཚོགས་58ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་དང་ཡོང་འབབ་སྒོར་ཁྲི་53.2བྱུང་བ་དེ་དུས་མཚུངས་ལས་60%འཕར་ཡོད་པ་རེད། སྔོན་དཔག་བྱས་ན། དུས་ཚིགས་གཉིས་པར་གླ་པའི་མི་གྲངས་དང་ཡོང་འབབ་ལྡབ་གཅིག་འཕར་བའི་དམིགས་ཚད་མངོན་འགྱུར་ཐུབ་བཟོ་ཡོད་པ་རེད།

    དེ་དང་ཆབས་ཅིག་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་ལས་སྟེགས་ཧུར་ཐག་བཏོད་ནས། སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་སྐྲུན་བཞིན་པའི་ལས་གྲྭའི་རྣམ་གྲངས་ཀྱི་ཨར་ལས་ཚན་པ་དང་ལྟ་སྐུལ་དོ་དམ་སོགས་ཁེ་ལས་སྐུལ་སློང་གིས། བོད་ལྗོངས་རྒྱ་ཚ་རྫོང་ཡར་ཀླུང་གཙང་པོ་ཁེ་ལས་ཚད་ཡོད་འགན་འཁྲི་ཀུང་སི་ནས་སྟར་སྣུམ་སྒམ་80ལྷག་ཙམ་ཉོས་ཏེ་ཀུང་སི་དེའི་འཛད་སྤྱོད་ཚོང་གཉེར་ཡོང་འབབ་སྒོར་ཁྲི་1.1ལྷག་ཙམ་འཕར་བར་བྱས་ཤིང་། རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ལས་ཁུངས་ཏང་ཀྲི་པུའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ངར་རབ་གྲོང་རྡལ་སྤང་དཀར་ཐང་སྡེ་ཁུལ་དང་སྐུ་ཁམས་གྲོང་ཚོའི་ཤིང་འབྲས་སྐམ་པོ་དང་བོད་བྱའི་སྒོ་ང་སོགས་ཞིང་ཟོག་ཐོན་རྫས་རྒྱ་མ་1600ལྷག་ཙམ་རང་འགུལ་ངང་ཉོས་ཏེ་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་1.6ལྷག་ཙམ་འཕར་བར་བྱས་ལ། ཁག་ཐེངས་མི་འདྲ་བའི་འཛད་སྤྱོད་རོགས་སྐྱོར་བྱེད་སྒོ་ཐེངས་ལྔ་སྤེལ་ནས་ཞིང་ལས་ཀྱི་འབབ་འཕར་སྒོར་ཁྲི་2.78ལྷག་ཙམ་ཡོང་རོགས་བྱས་པ་རེད།

    གཞན་ཡང་། རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་མང་ཚོགས་ཀྱི་ལས་བརྟན་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཏང་ཞིང་། རྒྱལ་ཇུས་སྡེ་ལས་དང་། སྐྱེད་ཚལ་སྔོ་འགྱུར། བཙོག་ཆུ་གཙང་གསིང་སོགས་ཕྱོགས་གསུམ་པའི་མཉམ་ལས་ཁེ་ལས་ཀྱི་ལས་ཞུགས་ལས་སྟེགས་ལ་བརྟེན་ཏེ། ད་ལོའི་དུས་ཚིགས་དང་པོར་ཡུལ་དེ་གའི་མང་ཚོགས་87ཁེ་ལས་སུ་ལས་ཞུགས་ཐུབ་པ་དང་ཡོང་འབབ་སྒོར་ཁྲི་67.26ལྷག་ཙམ་བྱུང་ཡོད། སྐྱེ་ཁམས་དབུལ་སྒྲོལ་སྲིད་ཇུས་ཁག་མུ་མཐུད་དོན་འཁྱོལ་བྱས་ནས་2025ལོའི་སྐྱེ་ཁམས་ལས་གནས་སུ་མི་132ལས་ཞུགས་ཐུབ་པ་དང་ལས་གནས་ཀྱི་མིང་སྐལ་དུས་མཚུངས་ལས་10%འཕར་ཡོད། ད་ལོའི་ཟླ་3པའི་བར་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་8.085སྤྲད་པ་དང་། 2024ལོའི་གྲོང་གསེབ་ཀྱི་ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ་དང་ཐོག་དཔངས་དམའ་བའི་ཁང་པ་དང་ཁང་པ་གོག་ཧྲུལ་སྒྱུར་བཀོད་མ་དངུལ་སྒོར་ཁྲི་65.35སྤྲད་ཡོད། ད་ལོའི་དུད་ཚང་དཀྱུས་མའི(ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པ)གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་འཆར་གཞིའི་ནང་དུད་ཚང་57ཡོད་པ་རེད།

    རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་མི་སྤྱོད་ཚན་པ་དང་གྲོས་བསྡུར་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ཡུལ་དེ་གའི་ཞིང་འབྲོག་པ་དང་གྲོང་ཚོའི་མཉམ་སྡེབ་ཨར་ལས་རླངས་འཁོར་གླས་ཏེ། ཡུལ་དེ་གའི་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཀ་རག་ནས་ཡོང་འབབ་འཕར་བར་རམ་འདེགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།