དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱིས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-01

    ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ལྷན་དང་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)ཀྱིས་མཉམ་དུ“སེམས་ཁམས་དྭངས་གཙང་། བདེ་ཐང་འཚར་ལོངས”ཞེས་པའི་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་བྱེད་སྒོ་དང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་དགེ་རྒན་གྱི་ཆེད་དོན་ཟུར་ཁྲིད་གསོ་སྦྱོང་བྱས་ཤིང་། བྱེད་སྒོ་དེ་ཟླ་5ཚེས་22ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཆེད་ལས་ཀྱི་སེམས་ཁམས་བདེ་ཐང་སློབ་གསོའི་རིགས་གཅིག་མཁས་ཅན་སློབ་གྲྭར་གདན་དྲངས་ནས། དཔེ་མཚོན་བརྙན་ལམ་སྟོན་པ་དང་། རིགས་པའི་གཞུང་ལུགས་སྒྲོལ་འགྲེལ་བྱེད་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། སྤྲོ་འཕེལ་ཤེས་བྱའི་དྲིས་ལན་སོགས་ཀྱི་བྱ་ཐབས་བརྒྱུད། གཞོན་ནུ་ལོ་ཆུང་ཚོར་སེམས་ཁམས་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སློབ་མའི་རང་སྙོམས་རང་སྒྲིག་དང་། གེགས་བར་འགོག་པ། རོགས་སྐྱོར་རེ་ཞུ་བཅས་ཀྱི་ནུས་པ་གསོ་སྐྱོང་བྱེད་པ། སེམས་ཁམས་གནད་དོན་གྱི་མངོན་མེད་རྐྱེན་ངན་སྔ་ཙམ་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱས་ཏེ་སློབ་མའི་སེམས་ཁམས་དོ་དམ་དང་། ཕན་ཚུན་འབྲེལ་འདྲིས། གནོན་ཤུགས་ཆུང་གཏོང་བཅས་ཀྱི་ནུས་པ་དང་ངེས་ཤེས་ཆེ་རུ་གཏོང་རོགས་བྱས་པ་རེད།

    གཞན་ཡང་། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་དགེ་རྒན་གྱི་ཆེད་དོན་ཟུར་ཁྲིད་གསོ་སྦྱོང་ཡང་དུས་མཉམ་དུ་སྤེལ་འགོ་ཚུགས་ཤིང་། གསོ་སྦྱོང་ཁྲོད་སེམས་ཁམས་རིག་པའི་རིགས་གཅིག་མཁས་ཅན་གདན་དྲངས་ནས་གྲོང་ཁྱེར་ཡོངས་ཀྱི་རྐང་འཛིན་སེམས་ཁམས་དགེ་རྒན་ལ་ཕྱོགས་ཏེ་གཞོན་ནུ་ལོ་ཆུང་གི་སེམས་ཁམས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཆོས་ཉིད་དང་། སེམས་ཁམས་བདེ་ཐང་གི་ཚད་གཞི། རྒྱུན་མཐོང་གི་སེམས་ཁམས་གནད་དོན་དབྱེ་འབྱེད་སོགས་སེམས་ཁམས་བདེ་ཐང་སློབ་གསོའི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་ཁྲིད་བྱས་ནས། སློབ་གྲྭ་འབྲིང་ཆུང་གི་སེམས་ཁམས་དགེ་རྒན་གྱི་ཆེད་ལས་བྱང་ཚད་མཐོ་རུ་དང་ལས་སྒོའི་འཇོན་ཐང་སྔར་བས་ཆེ་རུ་བཏང་སྟེ། ཆུ་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་སེམས་ཁམས་བདེ་ཐང་སློབ་གསོའི་དགེ་རྒན་གྱི་དཔུང་ཁག་ཅིག་འཛུགས་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།