དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁོ་ར་ཁོར་ཡུག་སྔོ་ལྗང་གོས་ཀྱིས་བཀླུབས། མཛེས་པའི་ཡུལ་ལྗོངས་ཀུན་གྱི་ཡིད་དབང་འཕྲོག

    —— ལྷ་ས་གྲོང་ཁྱེར་གྱི་སྔོ་འགྱུར་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭའི་འཕེལ་རིམ་བདེ་བླག་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-01

    གྲོང་ཁྱེར་སྔོ་འགྱུར་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭ་ནི་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འཐབ་ཇུས་ལག་ལེན་བསྟར་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་རེད། རྣམ་གྲངས་ལག་ལེན་བསྟར་འགོ་བཙུགས་ཚུན། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རྒྱ་ཆེའི་འཛུགས་སྐྲུན་པའི་ཐུན་མོང་འབད་བརྩོན་འོག འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཨར་སྐྲུན་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་བས“སྔོ་ལྗང་གིས་བརྒྱན་པའི་གྲོང་ཁྱེར”གྱི་སྐྱེ་ཁམས་དཔེ་རིས་ཤིག་གྲོང་ཁུལ་གྱི་འགྲོ་ལམ་ཁག་ཏུ་རིམ་བཞིན་མངོན་ཏེ་གཡུ་ཡི་གཞོང་པ་ལྟ་བུའི་མཛེས་ལྗོངས་ཁྲོད་གནའ་གྲོང་ལྷ་ས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    2024ལོར། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་སྲིད་གཞུང་ལམ་སྔོ་འགྱུར་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭ་ལག་ལེན་བསྟར་ཞིང་། ལས་གྲྭ་འདིས“ཕྱོགས་མང་པོ་ནས་སྔོ་ལྗང་མང་དུ་གཏོང་བ་དང་། ཁྲོམ་གཞུང་རེ་ལ་མཛེས་ལྗོངས་རེ། དུས་བཞིར་སྔོ་ལྗང་། རང་ཡུལ་གྱི་རྩི་ཤིང་། སྤྱི་གླིང་ཆུང་གྲས། ཁྲིམས་འགལ་སྐྲུན་དངོས་བཤིག་ནས་སྔོ་ལྗང་མང་དུ་གཏོང་བ། ལྗོན་སྐོར་ཆུ་རྫིང་མཛེས་གཏོང”བཅས་ཀྱི་སྒྱུར་བཀོད་ཐབས་ཇུས་ཆེན་པོ་བདུན་གཙོ་རྐང་དུ་བྱས་ནས། ཡུལ་བབ་དང་བསྟུན་པ་དང་འཆར་འགོད་ཞིབ་ཚགས་བྱས་པ་བརྒྱུད། ཁྲོམ་གཞུང་ཚང་མར་དམིགས་བསལ་གྱི་སྔོ་ལྗང་མཛེས་ལྗོངས་བསྐྲུན་ནས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་བཏོད་ཡོད། ད་ཆ་ལྷ་སའི་ཁྲོམ་གཞུང་ཁག་ཏུ་སྐྱོད་སྐབས་ལམ་དུམ་མང་པོ་ཞིག་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་མཐོང་ཐུབ།

    ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ནོར་བུས“ན་ནིང་ལྗོན་སྐོར་ཆུ་རྫིང་སྤྱི་ལེ་52.4དང་སྤྱི་གླིང་ཆུང་གྲས་8སྒྱུར་བཀོད་ལེགས་གཏོང་བྱས་པ་དང་། ཤིང་སོན་རྐང་ཁྲི་500ལྷག་ཙམ་བཙུགས་པ། གྲོང་ཁྱེར་སྔོ་འགྱུར་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་35.3མང་དུ་བཏང་བ་བཅས་བྱས་པའི་རྨང་གཞིའི་ཐོག ད་ལོ་ང་ཚོས་གྲོང་ཁྱེར་སྔོ་འགྱུར་ལེགས་གཏོང་སྒྱུར་བཀོད་ལས་གྲྭ(དུས་ཐེངས་གཉིས་པ)ལག་ལེན་བསྟར་ཡོད། དུས་ཐེངས་གཉིས་པའི་ལས་གྲྭ་དེ་ཁྱོན་བྱང་སྐོར་དང་ལྷོ་སྐོར་གྱི་མཛེས་ལྗོངས་ལམ་སོགས་འགྲོ་ལམ་20དང་། ས་ཚིགས་གལ་ཆེན་9 གཙོ་གནད་ཚན་པ་གཉིས་བཅས་ཀྱི་སྔོ་འགྱུར་ལེགས་གཏོང་སྒྱུར་བཀོད་དང་འབྲེལ་བ་ཡོད་ལ། ཁྱོན་འོས་ཐོབ་དུམ་བུ་4ལ་དབྱེ་ནས་ལག་ལེན་བསྟར་རྒྱུ་རེད”ཅེས་ངོ་སྤྲོད་བྱས།

    ལྷ་ས་གྲོང་ཁྱེར་སྔོ་འགྱུར་ལེགས་གཏོང་སྒྱུར་བཀོད་ལས་གྲྭའི(དུས་ཐེངས་གཉིས་པ)བཅིངས་འགྲོལ་ཤར་ལམ་ཡུག་ཁུལ་གྱི་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲའོ་ཧུའུ་དབྱི་ཡིས་གསར་འགོད་པར“རྣམ་གྲངས་འདི་ནི་ད་ལོའི་ཟླ་3ཚེས་1ཉིན་ནས་བཟུང་ལས་འགོ་བཙུགས་པ་དང་ད་ཆ་ཤིང་སོན་རྐང་ཁྲི་8ཙམ་བཙུགས་ཟིན་པ་དང་གཙོ་བོ་མེ་ཏོག་བཏབ་ཡོད། ང་ཚོས་པེ་ཅིང་ནས་རྒྱ་སེ་མེ་ཏོག་སྣ་ཁ་9ནང་འདྲེན་བྱས་པས་ཟླ་བཞི་པ་ནས་བཅུ་གཅིག་པའི་བར་བཞད་ཁ་འབྱེད་ཐུབ་སྟབས་གྲོང་མིར་མེ་ཏོག་གི་ཞིང་ཁམས་ཤིག་བཏོད་ནས་གྲོང་ཁྱེར་སྔོ་འགྱུར་གྱི་རིམ་པ་མཐོ་རུ་གཏོང་ཐུབ་རྒྱུ་རེད”ཅེས་བརྗོད།

    ལྷོ་སྐོར་ལམ་ནི་ལྷ་ས་གྲོང་ཁུལ་གྱི་མ་ལམ་གྱི་བགྲོད་ལམ་གལ་ཆེན་དང་དེ་བཞིན་དངོས་ལྗོངས་ཟློས་གར་ཆེ་གྲས་འུན་ཤིང་ཀོང་ཇོའི་འཁྲབ་རར་འགྲོ་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ལྷ་སའི་གྲོང་ཁྱེར་སྔོ་འགྱུར་ལེགས་གཏོང་སྒྱུར་བཀོད་ལས་གྲྭའི(དུས་ཐེངས་གཉིས་པ)རྣམ་གྲངས་འཛུགས་སྐྲུན་བྱེད་རིང་རྣམ་གྲངས་སྤྱི་ཡོངས་ཀྱི་ཇུས་གཞི་དང་འཆར་འགོད་ལ་གཞིགས་ནས་ལྷོ་སྐོར་ལམ་དུ་བཟོ་ལྟ་དམིགས་བསལ་ཆེ་ལ་གྲང་ངར་ཐེག་ཐུབ་པའི་ཐང་ཤིང་དཀར་པོ་དང་གསོམ་ཤིང་ལ་སོགས་པ་ལམ་དབུས་ཀྱི་མཛེས་ལྗོངས་རྒྱུད་དུ་ཀྲོང་ངེར་གནས་པ་དེ་དག་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    གསར་འགོད་པས་ལྷོ་སྐོར་ལམ་རྒྱུད་ནས་ལས་བཟོ་ཚོས་རྣམ་གྲངས་ཀྱི་ལག་རྩལ་པའི་མཛུབ་ཁྲིད་འོག་རྩྭ་རྩི་ཤིང་འདེབས་འཛུགས་དང་། ཡལ་བཞུར་རྒྱག་པ། ཆུ་རྒྱག་པ། ལུད་རྒྱག་པ་སོགས་ཀྱི་གཡོག་བྱེད་ལས་ཀ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་བྱེད་བཞིན་འདུག ལྷུ་ཚིགས་རེ་རེ་དང་ལས་རིམ་རེ་རེར་རྣམ་གྲངས་ལྟ་སྐུལ་བས་ཚོད་འཛིན་ནན་པོ་དང་ལྟ་སྐུལ་ནན་ཏན་འོག་ལེགས་གྲུབ་བྱས་ཏེ་འཛུགས་སྐྲུན་བདེ་འཇགས་དང་སྤུས་ཚད་ལོན་པའི་འགན་ལེན་བྱེད་བཞིན་ཡོད་པ་མཐོང་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།