དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མ་དངུལ་དགོས་མཁོ་ཆེ་སར་གཏོང་བ།

    —— དུས་ཚིགས་དང་པོའི་མ་དངུལ་ལག་བསྟར་གནས་ཚུལ་ནས་ལྷོ་ཁས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཚུལ་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-01

    ཉེ་ཆར། ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་མ་དངུལ་གྱི་དུས་ཚིགས་དང་པོའི་ལག་བསྟར་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱི་2025ལོའི་དུས་ཚིགས་དང་པོའི་རིམ་བཞིའི་ནོར་སྲིད་ཀྱི་སྦྲེལ་མཐུད་མ་དངུལ་གྱི་ལག་བསྟར་བྱེད་ཚད་29.58%ཟིན་པ་དང་། ཀྲུང་དབྱང་གི་ནོར་སྲིད་ཀྱི་སྦྲེལ་མཐུད་མ་དངུལ་གྱི་ལག་བསྟར་བྱེད་ཚད་34%ཟིན་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    སྔར་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྦྲེལ་མཐུད་མ་དངུལ་དོ་དམ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། 2025ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ས་ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ཞིང་རོགས་ཞིང་དར་གྱི་འགན་འཁྲི་འཁུར་བར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་རིམ་པའི་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་1.25བཀོད་སྒྲིག་བྱས་ཏེ། ཞིང་འབྲོག་ཁུལ་གྱི་ཞན་ཆ་བསལ་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་ཆུ་ཚད་ཟམ་མ་ཆད་པར་མཐོ་རུ་གཏོང་དགོས་པའི”བླང་བྱ་གཞིར་བཟུང་མ་དངུལ་གཏོང་ཕྱོགས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག ལྟ་སྐུལ་དང་བཀོད་གཏོང་ནན་པའི་ལས་ཀའི་ལམ་སྲོལ་ཡང་བཙུགས་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། རྣམ་གྲངས་ལག་བསྟར་མགྱོགས་པོ་བྱེད་པ། མ་དངུལ་གཏོང་སྤྲོད་མྱུར་པོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ཡོད།

    མཚོ་སྨད་རྫོང་དུ་འབྲོག་ཟོག་ཕྱོགས་བསྡུས་ལས་སྣོན་བཟོ་གྲྭ་ཞིག་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་འཕྲད་ཅིང་། གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་མ་དངུལ་གྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ནང་བཅུག་རྗེས་མིག་སྔའི་བར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་2398.36བཏང་བའི་ནང་མཚོ་སྨད་རྫོང་སྲིད་གཞུང་གིས་མ་དངུལ(གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཐུད་མ་དངུལ་དང་དེ་བཞིན་མ་དངུལ་གཞན་དག་ཚུད)སྒོར་ཁྲི་1794.5བཏང་བ་དང་མ་དངུལ་སྒོར་ཁྲི་603.86རང་གྲབས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འབྲོག་ཟོག་ཕྱོགས་བསྡུས་ལས་སྣོན་བཟོ་གྲྭ་དེ་གྲང་ཕྲེང་སྐྱེལ་འདྲེན་དང་ལས་སྣོན་ཞིབ་ཚགས་གཞི་གཅིག་ཏུ་འདུས་པའི་འབྲོག་ལས་ཐོན་ལས་ཅན་གྱི་ཁེ་ལས་ཤིག་ཏུ་སྒྱུར་བཀོད་བྱ་རྩིས་ཡོད་པ་རེད།

    གྲོང་གསེབ་དར་རྒྱས་ཐོན་ལས་ཀྱི་རོགས་སྐྱོར་རྣམ་པ་འདི་རིགས་ནི་ལྷོ་ཁས་མ་དངུལ་སྡེབ་སྒྲིག་གནད་སྨིན་བྱས་པའི་བསྡུས་རིས་ཤིག་རེད།

    ཉེ་ཆར་སྣེ་གདོང་ཆུས་ཆུ་བེད་ཅུས་ཀྱི་ཚོགས་ཁང་ནང་ཆུ་བེད་ལས་གྲྭའི་རྣམ་གྲངས་ཀྱི་སྐུལ་སྤེལ་ཚོགས་འདུ་འཚོག་བཞིན་ཡོད་པ་རེད། ས་བབ་མཐོ་བའི་ཁུལ་དུ་ཨར་སྐྲུན་ལས་ཡུན་ཐུང་བའི་དམིགས་བསལ་འགྲན་སློང་ལ་དམིགས་ནས་ན་ནིང་དགུན་ཁ་མ་ཤར་གོང་སྣེ་གདོང་ཆུས་ཀྱི་ཆུ་བེད་ལེགས་གཏོང་ལས་གྲྭར་འཆར་འགོད་དཔྱད་ཞིབ་དང་ས་ཆ་བེད་སྤྱོད་ཀྱི་ཞིབ་མཆན་སོགས་ཀྱི་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་ཡོད། དཔྱིད་ཀ་ཤར་ནས་འཁྱགས་ས་བཞུར་རྗེས་ཨར་སྐྲུན་རུ་ཁག་མགྱོགས་མྱུར་ལས་ཡུལ་དུ་བསྐྱོད། “མ་དངུལ་གྱིས་རྣམ་གྲངས་སྒུག་པ”དེ“རྣམ་གྲངས་ཀྱིས་མ་དངུལ་སྒུག་པར”བསྒྱུར་རྗེས་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལག་ལེན་བསྟར་བའི་མྱུར་ཚད་ཀྱིས་ས་མཐོའི་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ཡོད།

    སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་དུ་གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་ལས་ཡུལ་དུ་མངོན་གསལ་དོད་པའི“ཡོངས་བསྒྲགས་ལྟ་སྐུལ་བྱང་བུ”བཙུགས་ཡོད། རྩ་གཉིས་ཨང་རྟགས་བཤེར་ན་མ་དངུལ་གཏོང་ཕྱོགས་དང་། ཨར་སྐྲུན་གྱི་མྱུར་ཚད། སྤུས་ཚད་ཞིབ་བཤེར་རྩིས་ལེན་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མངོན་གྱི་ཡོད། ཚན་ཚན་ཕྲེང་འབྲེལ་ལག་རྩལ་མཉམ་འདྲེས་ཀྱི་ལྟ་འདོམས་མ་ལག་དེས་མང་ཚོགས་ཀྱི་ལྟ་སྐུལ་དང་འཕུར་སྐྱོད་ཞིབ་བཤེར་གཉིས་དང་ཕྱོགས་བསྡུས་ལྟ་འདོམས་དྲ་རྒྱ་གྲུབ་ཡོད་པ་རེད།

    གྲོང་གསེབ་ཀྱི་གཞུང་ལམ་གྱ་གྱུ་བརྒྱུད་དེ་འགྲོ་སྐབས། སྦྲེལ་མཐུད་མ་དངུལ་བཏང་ནས་བྲིས་པའི་དམངས་འཚོའི་རི་མོ་རིམ་བཞིན་མིག་ལམ་དུ་མངོན།

    ལྷོ་བྲག་གི་གྲོག་རོང་དུ། གནའ་བོའི་གྲོང་ཚོ་སྲུང་སྐྱོང་རྣམ་གྲངས་ལས་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་བཙན་རྫོང་དེ་དག་དམངས་སྲོལ་གནས་ཚང་གི་ཚོ་འདུས་སུ་གྱུར་པ་དང་། མཚོ་སྣའི་མོན་པ་མི་རིགས་ཤང་དུ། སྐྱེ་ཁམས་ཇ་ཞིང་ལས་མང་ཚོགས་དུད་ཚང་200ལྷག་ཙམ་ལ་ལོ་རེའི་ཡོང་འབབ་སྒོར་ཁྲི་འཕར་བར་སྐུལ་ཁྲིད་ཐེབས་པ་སོགས་རེད།

    རི་མཐོ་ཞིང་རོང་གཟར་བའི་ལུང་གཞུང་དུ་བྱུང་བའི་འགྱུར་ལྡོག་དེ་དག་གིས“རྣམ་གྲངས་ཀྱིས་མ་དངུལ་སྒུག་པ་དང་འབྲོག་པས་འཕེལ་རྒྱས་ལ་རེ་སྒུག་བྱེད་པའི”རྣམ་པར་འགྱུར་བཞིན་ཡོད། ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་རྒྱུ་གཤིན་པོ་འདིའི་ཐོག་གྲོང་གསེབ་དར་རྒྱས་ཀྱི་མ་དངུལ་དེ་དག་ས་མཐོ་བརླན་པའི་བདུད་རྩི་ལྟ་བུར་གྱུར་ནས་ཞིང་འབྲོག་པའི་སེམས་དབུས་ཀྱི་རེ་བའི་མེ་ཏོག་གསོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།