ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པས་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།
འདི་ནི་ཀོང་ཤིས་ཀུའེ་ལིན་དུ་གནས་པའི་ཀོང་ཤིས་དགེ་འོས་སློབ་ཆེན་ཡུས་ཚའེ་སློབ་ཁུལ་གྱི་ཝེ་ཐེ་ནམ་སློབ་གྲྭའི་དྲན་གསོ་ཁང་དུ་འགྲེམས་སྟོན་བྱས་པའི་བསླབ་གཞིར་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་ནན་ཏན་ངང་ལྟ་བཞིན་པ།
ཉེ་ཆར། ཀྲུང་གོ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“གསར་བརྗེའི་ཞིབ་སློབ་འགྲུལ་བཞུད”བྱེད་སྒོ་ཐོག་མ་དང“སྤོ་བོ་ཧུའུ་ལགས་ཀྱི་ཞབས་རྗེས་བརྒྱུད་པའི”ཞིབ་སློབ་སྒར་ས་ཀོང་ཤིས་དང་ཀོང་ཏུང་ས་གནས་གཉིས་སུ་གཉེར་བ་རེད། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་གཞོན་ནུའི་འཐུས་མིས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་ཀྲུང་གོ་དང་ཝེ་ཐེ་ནམ་མཛའ་མཐུན་གྱི་གསར་བརྗེའི་གཞི་རྒྱུ་འཚོལ་ཞིབ་བྱས་པ་རེད།