ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་གླེང་སྟེགས་ཁྭ་ལ་ལུམ་ཕུར་དུ་འཚོགས་པ།
ཉེ་ཆར་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་གླེང་སྟེགས་དང་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་འགྲེམས་ཚོགས(འཁོར་འབྲེལ་འགྲེམས་ཚོགས)སྐབས་གསུམ་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་དུ་འཚོགས་ཤིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཚོང་དོན་མ་འཇོག་སྐུལ་སྤེལ་སྒྲིག་གཞི་དང་། ཚོང་ལས་མཐུན་ཚོགས། ཁེ་ལས་བཅས་ཀྱི་འཐུས་མི་200ཙམ་ཞུགས་ཡོད།
ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཤིས་ཚིག་སྒྲོན་སྐབས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟམ་མི་ཆད་པར་རིམ་སྤོར་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཚོང་དོན་སྐུལ་སྤེལ་མཐུན་ཚོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་རིགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་སྤེལ་བཏང་སྟེ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་བརྒྱབ་ནས་ཕྱོགས་མང་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།