དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཞབས་འདེགས་ཞུ་བ་དང་། དཀའ་ངལ་སེལ་བ། འཕེལ་རྒྱས་གཏོང་རོགས་བཅས་བྱས་པ།

    —— “ཀན་སུའུ་ཡི་ཤེས་ལྡན་པ་གཞི་རིམ་དུ་བསྐྱོད་པའི”མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཚུའེ་ཧན་ཁྲའོ།   |     སྤེལ་དུས།  2025-05-31

    འདི་ནི་ཏུང་ཧྲན་གྲོང་རྡལ་འཕྲོད་བསྟེན་ཁང་གི་རྒྱལ་སྒོའི་མདུན་དུ་སྨན་པས་ནད་པར་འོས་འགན་སྨན་བཅོས་བྱེད་བཞིན་པ།

    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་ཏུང་ཧྲན་གྲོང་རྡལ་འཕྲོད་བསྟེན་ཁང་གི་རྒྱལ་སྒོའི་མདུན་གྱི་ཐང་ཆེན་ནས་མགོ་བོ་བཏེགས་ཏེ་ཡར་བལྟས་ཚེ་མུ་ལ་མུ་ཁྱུད་ཀྱི་རི་བོ་སྔོ་ལྗང་ལྗོན་པས་བཀླུབས་པ་དེ་རང་བྱུང་གི་སྔོ་ཁེབས་ཡོལ་བ་ཞིག་དང་འདྲ་བར་རི་གཤམ་གྱི་གྲོང་ཚོར་དྲག་ཆར་རླུང་འཚུབ་འགོག་པ་ལྟ་བུར་སྣང་།

    ཉིན་དེར། སྨན་བཅོས་རིགས་གཅིག་མཁས་ཅན་དེ་གར་འོས་འགན་སྨན་བཅོས་ལ་འོང་གི་ཡོད་ཚུལ་ཐོས་སྐབས། ཉེ་འགྲམ་གྲོང་ཚོའི་སྤོ་བོ་དང་རྨོ་བོ་ལགས་མི་ཉུང་བ་ཞིག་ཐང་ཆེན་དེར་འཛོམས་ནས་སྨན་པས་རང་ཉིད་ལ་ན་ཚ་བལྟ་བའམ་ཡང་ན་ཁྱིམ་མིའི་ན་ཚ་འདྲི་རྒྱུར་བསྒུགས་ནས་བསྡད།

    ན་ཚ་ལྟ་མཁན་སྨན་པའི་ཁྲོད་ཁྲེན་ཀྲི་ཅན་དང་ལི་ཧུའེ་གཉིས་ནི་ཆ་སྒྲིག་ལས་རོགས་ཡིན། དེ་གའི་རྒན་འཁོགས་ཀྱི་ཡུལ་སྐད་དམ་པས་ཁྲེན་ཀྲི་ཅན་གྱིས་ལི་ཧུའེ་ལ་སྐད་ཆ་རེ་རེ་བཞིན་སྐད་སྒྱུར་བྱས་ནས་ཞོགས་པ་གཅིག་ནང་ས་གནས་དེ་གའི་མང་ཚོགས་བཅུ་གྲངས་ཁ་ཤས་ལ་སྨན་བཅོས་བྱས་པ་རེད།

    ཁྲེན་ཀྲི་ཅན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་མི་དམངས་སྨན་ཁང་གི་ཁོག་ནད་སྡེ་ཁག་གཉིས་པའི་ཀྲུའུ་རེན་ཡིན་པ་དང་། ལི་ཧུའེ་ནི་པེ་ཅིང་གྲོང་ཁྱེར་ཀྲུང་རི་མཛའ་གྲོགས་སྨན་ཁང་གི་དབུགས་ལམ་དང་ནད་ཚབས་ལྕི་བའི་ནད་རྟགས་གསོ་རིག་སྡེ་ཁག་གི་གཙོ་བཅོས་སྨན་པ་ཞིག་རེད། ད་ཆ་ཁོང་གཉིས་པོས་འོས་འགན་སྨན་བཅོས་བྱས་ནས་གཞི་རིམ་གྱི་མང་ཚོགས་ལ་སྨན་བཅོས་ཀྱི་ཞབས་འདེགས་ཞུ་བཞིན་ཡོད།

    ད་རེས་ཀྱི་འོས་འགན་སྨན་བཅོས་ནི“ཀན་སུའུ་ཡི་ཤེས་ལྡན་པ་གཞི་རིམ་དུ་སྐྱོད་པའི”བྱེད་སྒོའི་ཆ་ཤས་ཤིག་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། དེ་ནི་ཀན་སུའུ་ཞིང་ཨུད་རྩ་འཛུགས་པུའུ་ཡིས་ཀན་སུའུ་ཞིང་ཆེན་སློབ་གསོ་དང་། འཕྲོད་བསྟེན། རིག་གནས་དང་ཡུལ་སྐོར། ཚོང་དོན་སོགས་སྡེ་ཚན་མང་པོ་དང་མཉམ་དུ་གྲོས་འགོ་བཏོན་ནས་རྒྱལ་ཡོངས་ཀྱི་སྨན་བཅོས་དང་། རིག་གནས་ཡུལ་སྐོར། སློབ་གསོ་སོགས་ཐད་ཀྱི་རིགས་གཅིག་མཁས་ཅན་གཞི་རིམ་དུ་བསྐྱོད་དེ་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པར་བརྟེན་ནས“ཞབས་འདེགས་ཞུ་བ་དང་དཀའ་ངལ་བསལ་ཏེ་ཤེས་ལྡན་པ་གསོ་སྐྱོང་ལ་རོགས་རམ་དང་སྣེ་ཁྲིད་བྱེད་པའི”བྱེད་སྒོ་ཞིག་རེད།

    “ཉིན་འགའི་རིང་། སྨན་བཅོས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་དང་མཉམ་དུ་བཞུགས་མོལ་བྱེད་པ་དང་། སྨན་བཅོས་བྱེད་པ། ནད་སྐོར་རྒྱག་པ་བཅས་བྱས་པས་གཞི་རིམ་གྱི་སྨན་དོན་པར་ཕན་པ་གང་མང་ཐོགས་ཡོད། དཔེར་ན། སྨན་པས་ནད་གཞི་ཁག་གཅིག་ལ་ནད་ངོ་ངོས་འཛིན་ཡག་པོ་ཐུབ་ཆེད། ནད་པའི་དེ་གོང་གི་ན་ཚ་ཕོག་ཚུལ་དང་། ཁྱིམ་རྒྱུད་ཀྱི་ནད་གཞི་ཡོད་མེད། ནད་གཞི་མ་བྱུང་གོང་གི་ནད་རྟགས་སོགས་ཚང་མར་བསམ་གཞིག་བྱས་ཀྱི་ཡོད”ཅེས་ཁྲེན་ཀྲི་ཅན་གྱིས་བཤད།

    ཁྲེན་ཀྲི་ཅན་སྨན་པའི་ལས་ལ་གཞོལ་ནས་ལོ་28སོང་ཡོད། ཁོང་གིས་གྲོང་གསེབ་ས་ཁུལ་བལྟོས་བཅས་ཀྱིས་ལུང་ཁུག་ཡིན་པ་དང་སྨན་བཅོས་ཀྱི་ཆ་རྐྱེན་ཞན་ནའང་། མང་ཚོགས་ལ་གཟུགས་གཞི་བདེ་ཐང་ཡོང་བའི་འདུན་པ་གཅིག་མཚུངས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ནས་འོང་བའི་རིགས་གཅིག་མཁས་ཅན་དང་ཆ་སྒྲིག་བྱེད་སྟངས་དེས་ལས་སྒོའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་མ་ཟད་ཕྱིས་འབྱུང་ནད་གཞི་བཅོས་དཀའ་བ་བྱུང་ཚེ“ཆ་སྒྲིག”གི་རྒྱང་བསྟེན་ནད་དཔྱད་ཀྱི་ལམ་ནས་མཉམ་དུ་ས་གནས་དེ་གའི་ནད་པའི་སྡུག་བསྔལ་སེལ་ཐུབ་རྒྱུ་རེད།

    “ཐག་རིང་ནས་ཡོང་བའི་ཁོང་རྣམས”ལའང་ཕན་པ་མི་ཉུང་བ་ཐོགས་ཤིང་། ལི་ཧུའེ་བྱེད་སྒོ་དེ་རིགས་ལ་ཞུགས་ཐེངས་ཐོག་མ་ཡིན་པ་དང་། གྲོང་ཁྱེར་ཆེན་པོའི་སྨན་བཅོས་བྱེད་ཚུལ་དང་མི་འདྲ་བར་དེ་གའི་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ཐོབ་འདོད་ཀྱི་འདུན་པ་ཆེ་ཚུལ་ལ་མྱོང་བ་ཟབ་མོ་བྱུང་ཡོད་ལ། “ནད་པ་བྱམས་ཀྱིས་སྐྱོང་དགོས་པའི”ངོས་འཛིན་ཡང་སྔར་བས་བརྟན་དུ་ཕྱིན་ཡོད།

    “འདི་གར་ནད་པས་སྨན་པ་བརྟེན་པའི་བསམ་བློ་བལྟོས་བཅས་ཀྱིས་ཞན་པོ་འདུག གཞི་རིམ་སྨན་བཅོས་ཀྱི་གནས་བབ་ངོ་མ་ཤེས་པ་དེས་ང་ཚོས་དམིགས་ས་ཡོད་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡིན”ཞེས་ལི་ཧུའེ་ཡིས་བཤད།

    མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་སྨན་བཅོས་བྱས་པ་ཕུད། “ཀན་སུའུ་ཡི་ཤེས་ལྡན་པ་གཞི་རིམ་དུ་སྐྱོད་པ”དེས་གཅིག་སྡུད་ཀྱིས་སློབ་གསོ་གཏོང་བ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་སྤེལ་རེས་རྒྱ་ཁྱབ་ཀྱང་བྱས་ཡོད།

    དབྱང་ཐེན་ཉུའུ་ནི་འདི་ལོ་ལོ་27ལ་སླེབས་པ་དང་། ཁོང་འབྲུག་ཆུ་རྫོང་ཏ་ཁྲོན་གྲོང་རྡལ་གྱི་ལོ་དགུའི་འོས་འགན་ལམ་ལུགས་སློབ་གྲྭའི་དབྱིན་ཡིག་དགེ་རྒན་རེད། ཁོང་གིས་དེང་གི་ཁྱིམ་བདག་གིས་སློབ་གསོར་མཐོང་ཆེན་པོ་བྱེད་ཤུགས་ཉིན་བཞིན་ཆེ་རུ་འགྲོ་བཞིན་འདུག རང་ཉིད་དགེ་རྒན་བྱས་ནས་ལོ་4སོང་ཡང་ད་དུང་སློབ་སྦྱོང་བྱ་རྒྱུ་མང་བས། ད་རེས་སློབ་གསོའི་རིགས་གཅིག་མཁས་ཅན་གྱི“སློབ་ཚན་ནང་དོན་གཅིག་མཚུངས་ཁྲིད་སྟངས་མི་འདྲ་བའི”བྱེད་སྟངས་བརྒྱུད་རང་ཉིད་ལ་སློབ་ཁྲིད་བྱེད་ཐབས་རྩ་ཆེན་མང་པོ་ཤེས་པ་ངོས་འཛིན་བྱས།

    “སྔོན་མ་ངས་དགེ་རྒན་ཞིག་ཡིན་ཚེ་སློབ་ཁྲིད་སྐབས་ཀྱི་བྱ་བ་ཚང་མ་སྒྲུབ་དགོས་པར་བསམས་ཤིང་རྟག་ཏུ་སེལ་ཁྲལ་གྱི་ཁེངས་ཀྱི་འདུག ད་རེས་བྱེད་སྒོ་འདི་ལས་གནས་ལུགས་ཤིག་ཤེས་བྱུང་བ་ནི་སློབ་མས་ཐུབ་པ་དག་སློབ་མ་སོ་སོར་བྱེད་དུ་བཅུག་ནས་སློབ་ཁང་སློབ་མར་སྤྲད་ཚེ་གཞི་ནས་སློབ་ཁྲིད་ཀྱི་དམིགས་ཡུལ་འགྲུབ་ཐུབ་རྒྱུ་ཡིན་པ་དེ་རེད”ཅེས་དབྱང་ཐེན་ཉུའུ་ཡིས་བཤད།

    ཧའོ་ལིང་ནི་ཀན་སུའུ་ཞིང་ཆེན་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཡིན་པ་དང་། ཁོང་གིས་སློབ་ཁྲིད་བྱས་པ་ནས་བཟུང་། ཁོང་ལ་དགེ་རྒན་གཞན་གྱི་རོགས་རམ་ཐོབ་ཡོད་ལ། ཁོ་མོས་ཀྱང་གཞི་རིམ་གྱི་དགེ་རྒན་མང་པོར་རོགས་རམ་བྱེད་མྱོང་། སྒྲིག་འཛུགས་མཁན་ཞིག་ཡིན་པའི་ཁོ་མོས་ད་རེས་ཀྱི“སློབ་ཚན་ནང་དོན་གཅིག་མཚུངས་ཁྲིད་སྟངས་མི་འདྲ་བ”དང་། སློབ་ཚན་ཉན་ནས་དཔྱད་བརྗོད་བྱེད་པ། ཆེད་དོན་བརྗོད་གཞིའི་འཆད་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད་བགྲོ་གླེང་སྤེལ་རེས་བྱས་པས་གཞི་རིམ་གྱི་སློབ་གསོའི་ལས་དོན་པས་རང་ཉིད་ཀྱི་ཞན་ཆ་རྟོགས་པ་དང་སྐྱོན་ཆ་བསལ་ནས་གཞི་རིམ་གྱི་སློབ་ཁྲིད་འཇོན་ཐང་ཆེ་རུ་འགྲོ་བར་རོགས་རམ་ནུས་ལྡན་ཐུབ་ཡོད་ཅེས་གསར་འགོད་པར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།