དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་དབྱང་མི་རིགས་སློབ་ཆེན་རྒྱལ་ཁབ་བདེ་འཇགས་ཞིབ་འཇུག་ཁང་གིས།

    མེ་ཏོག་རྫོང་དུ་ལས་དོན་ས་ཚིགས་བཙུགས་ནས་མཉམ་སྐྲུན་མཉམ་ལས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-31

     ཉེ་ཆར། ཀྲུང་དབྱང་མི་རིགས་སློབ་ཆེན་རྒྱལ་ཁབ་བདེ་འཇགས་ཞིབ་འཇུག་ཁང་གིས་མེ་ཏོག་རྫོང་དང་མཉམ་དུ་སློབ་གྲྭ་དང་ས་གནས་མཉམ་སྐྲུན་གྱི་རྒྱང་སྦྲེལ་གན་འཇོག་མཛད་སྒོ་འཚོགས་པ་མ་ཟད། ཀྲུང་དབྱང་མི་རིགས་སློབ་ཆེན་རྒྱལ་ཁབ་བདེ་འཇགས་ཞིབ་འཇུག་ཁང་མེ་ཏོག་རྫོང་ལས་དོན་ས་ཚིགས་ཀྱི་སྒོ་བྱང་གི་ཡོལ་བའང་ཕྱེ་བ་རེད།

    ད་ཐེངས་ཀྲུང་དབྱང་མི་རིགས་སློབ་ཆེན་རྒྱལ་ཁབ་བདེ་འཇགས་ཞིབ་འཇུག་ཁང་གིས་མེ་ཏོག་རྫོང་དང་མཉམ་སྐྲུན་གྱི་གྲོས་མཐུན་བཞག་པའི་ནང་མཐའ་མཚམས་ལས་དོན་ས་ཚིགས་འཛུགས་པ་དང་། གཞི་རིམ་བཅོས་སྐྱོང་། མོན་པ་དང་ལྷོ་པའི་རིག་གནས་སྔོག་འཚོལ་སོགས་ཕྱོགས་5ཡི་མཉམ་ལས་ནང་དོན་ཁག་16ཚུད་ཡོད་པ་དང་། “ཐོན་ཁུངས་མཉམ་སྤྱོད་དང་། མཐུན་སྦྱོར་གསར་གཏོད། སྤྱི་ཚོགས་ལ་ཞབས་འདེགས། ནུས་པ་རྒྱུན་ཐོན་གྱི་མཉམ་ལས”བཅས་ཀྱི་ལས་ཀའི་རྩ་དོན་གཞིར་བཟུང་གཞི་རིམ་བཅོས་སྐྱོང་གི་འཐབ་ཇུས་རིག་མཛོད་མཉམ་སྐྲུན་དང་། གཞི་རིམ་བཅོས་སྐྱོང་དང་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་སོགས་དངོས་ཡོད་ཀྱི་འགངས་ཆེའི་གནད་དོན་ཆེད་མངགས་བསལ་ཏེ་འཚོ་བར་འགན་སྲུང་ཡོད་པ་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སེམས་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་ས་སྲུང་མཐའ་བརྟན་གྱི་རྣམ་པ་གསར་པ་གཏོད་ཆེད་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།