དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་5ས་ཁུལ་དང་ཚན་པ་12ལ་བཅའ་སྡོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-31

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་5ཆབ་མདོ་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་བཅས་དང་། རང་སྐྱོང་ལྗོངས་ཆུ་བེད་ཐིང་དང་། རང་སྐྱོང་ལྗོངས་རྒྱལ་སྲུང་སྐུལ་སློང་གཞུང་དོན་ཁང་། བོད་ལྗོངས་ཉེན་རྟོག་དཔོན་མཐོ་རིམ་ཆེད་ཚན་སློབ་གྲྭ བོད་ལྗོངས་ཞིང་འབྲོག་ཐོན་ལས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི། མཚུར་ཕུ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ས་ཁུལ་དང་ཚན་པ་12ལ་བཅའ་སྡོད་བྱས་ནས་སློབ་སྦྱོང་སློབ་གསོའི་ཐད་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས་དང་གྲོང་ཁྱེར)རིམ་པ་གཉིས་ཀྱིས་ཀྱང་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མངགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།