དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོ”ཡི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་ལྔ་པས་ཝུའུ་ཧན་དུ་ལྟ་སྐོར་སློབ་སྦྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-31

    རང་སྐྱོང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོ”ཡི་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་ལྔ་པས་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ལྟ་སྐོར་སློབ་སྦྱོང་བྱས་ཤིང་། ཉིན་ཤས་གོང་། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཚན་རྩལ་ཚོགས་པ(ཀྲུང་གོ་འཕྲིན་གཏོང་ཚན་རྩལ)དང་ཤར་རླུང་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སིར་བསྐྱོད་ནས་རང་རྒྱལ་གྱི་འོད་བརྟེན་འཕྲིན་གཏོང་དང་། 5Gདྲ་རྒྱ། རིག་ནུས་འཁོར་གཏོང་སོགས་སྔོན་ཐོན་ཚན་རྩལ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཤེས་རྟོགས་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ཤར་རླུང་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སིས་2002ལོ་ནས་བཟུང་བོད་སྐྱོར་ལས་དོན་མུ་མཐུད་སྤེལ་བ་དང་། རོགས་སྐྱོར་བྱ་ཡུལ་རྫོང་གི་དགོས་མཁོ་དངོས་དང་ཐོན་ཁུངས་ཀྱི་རང་སྤུས་ལ་གཞི་ཚུགས་ནས་བོད་སྐྱོར་བྱེད་སྟངས་གསར་གཏོད་བྱས་ཤིང་། རིམ་རྩིས་བརྒྱབ་ན“ཤར་རླུང་གི་ཁྱད་ཆོས”ལྡན་པའི་ཐུན་མོང་མ་ཡིན་པའི་བོད་སྐྱོར་རྣམ་གྲངས་ཁག་183བཏོད་པར། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་དུས་མཚུངས། མི་རིགས་མཐུན་སྒྲིལ་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱས་ཡོད།

    བྱེད་སྒོའི་ཁྲོད་ཚང་མས། ཁེ་ལས་ཀྱིས་འགྲེམས་སྟོན་བྱས་པའི་འོད་བརྟེན་འཕྲིན་གཏོང་ལག་རྩལ་སོགས་ཀྱི་གྲུབ་འབྲས་ཀྱིས་བོད་ཀྱི་ལས་རིགས་ཁག་གི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་གཞི་འཛིན་ས་ཡག་པོ་མཁོ་འདོན་བྱས་ཡོད། ལྟ་སྐོར་སློབ་སྦྱོང་བྱས་པ་བརྒྱུད། ཚན་རྩལ་གྱིས་ཇི་ལྟར་བྱས་ཏེ་ཟུར་ཚད་མང་བ་དང་རིམ་པ་མང་བའི་བྱ་ཐབས་ལ་བརྟེན་ནས་ཡུལ་དུས་ཀྱི་ཚོད་འཛིན་ལས་བརྒལ་ཏེ་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྒུལ་ནུས་སྦྱིན་པ་ཤེས་རྟོགས་ཐུབ་བྱུང་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།