དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དོན་གླེང”སྟེགས་བུ་བསྐྲུན་ནས་ཞི་མཐུན་གྱི་རྣམ་པ་གསར་པ་གཏོད་པ།

    —— ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཤན་ཁ་གྲོང་ཚོས་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཤན་ཁ་གྲོང་ཚོས“དོན་གླེང”སྟེགས་བུ་བརྒྱུད་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དངོས་དངོས་རྗེན་རྗེན་ངང་ཐག་གཅོད་བྱས་ཏེ་གངས་ལྗོངས་ས་མཐོར་གཞི་རིམ་བཅོས་སྐྱོང་མཁས་པའི་འཆམ་མཐུན་གྱི་རྣམ་པ་གཏོད་ཡོད།

    རང་འགུལ་ངང་འཚམས་འདྲིར་བསྐྱོད་ནས། གཞུང་ལས་ཁང་ལས་སྒྲུབ་ཀྱི་འཐབ་ས་དང་པོར་སྤོས་པ།

    ཤན་ཁ་གྲོང་ཚོས་འདི་ལོའི་ཟླ་3པ་ནས་བཟུང་ལས་བྱེད་པ་དང་དྲ་མིག་པ་28ལས་གྲུབ་པའི“ཕྱོགས་མིའི་ཞབས་ཞུ་རུ་ཁག”བཙུགས་པ་དང“འབྲོག་ཁུལ་གྱི་སྦྲ་གུར་གྲོས་ཚོགས”དང“ཞིང་ནང་གི་འདུམ་འགྲིག་ཁྲིམས་ར”སོགས་ཀྱི་ལས་རྣམ་ཁྱབ་གདལ་བཏང་ཡོད། ཁོང་ཚོས་ཞིང་འབྲོག་པའི་ཐོན་སྐྱེད་གནས་ཚུལ་གཞིར་བཟུང་། “ཞོགས་པ་འབྲོག་པར་འཚམས་འདྲི་བྱེད་པ་དང་། ཉིན་གུང་ཞིང་ནང་དུ་བསྐྱོད་པ། མཚན་མོ་ཚོང་པ་དང་གླེང་མོལ་བྱེད་པ”བཅས་ཀྱི་ལས་ཀ་བྱེད་སྟངས་ཇུས་འགོད་བྱས་པ་དང་། རིམ་རྩིས་བརྒྱབ་ན། ལམ་ཐག་སྤྱི་ལེ་3000ལྷག་ཙམ་བསྐྱོད་ནས“ཁྱིམ་ཚང་གི་ཡིག་ཚགས”3591བཟོས་ཡོད་པ་རེད།

    དབྱར་རྩྭ་དགུན་འབུ་འཐུ་བའི་དུས་སུ་དྲ་མིག་པས་དམངས་ལ་སྟབས་བདེ་བསྐྲུན་ཆེད་སྲོལ་རྒྱུན་གྱི་ཤོག་བུས་བཟོས་པའི་པའི་བྱང་བུ་དེ་རི་ཁུལ་དུ་རལ་སླ་བ་ཤེས་རྟོགས་བྱུང་བས། ཉིན་མཚན་དབྱེར་མེད་ལས་ཀ་བྱས་ནས་གློག་རྡུལ་ཅན་གྱི་བྱང་བུ་གསར་པ་བཟོས་ཡོད། གྲོང་མིས་ལག་ཐོགས་ཁ་པར་སྤྱད་ནས་ཐད་ཀར་འདུམ་འགྲིག་ལས་སྟེགས་དང་འབྲེལ་གཏུག་ཐུབ་པ་སྟེ། “དེ་གོང་སྙན་སེང་ཞུ་བའི་སྐྱེལ་འདྲེན་རྩོད་གཞི་ཉིན་གཉིས་ནང་ཐག་གཅོད་བྱས་སོང”“ཚན་རྩལ་+དངོས་སུ་ཞབས་འདེགས་ཞུ་བ་ཟུང་འབྲེལ་བྱེད་པའི”འཚམས་འདྲིའི་ལམ་སྲོལ་དེས་འགལ་བ་དང་མངོན་མེད་ཉེན་ཁ་55ཐག་གཅོད་བྱས་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་98.6%ཟིན་གྱི་ཡོད་པ་རེད།

    གསར་གཏོད་ཀྱི་ལག་ལེན་ལ་བརྟེན་ནས། གྲོང་མི་གཞི་རིམ་བཅོས་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ།

    ད་ལོའི་བོད་ཀྱི་ལོ་གསར་རིང་ཤན་ཁ་གྲོང་ཚོའི་རིག་གནས་ཐང་ཆེན་དེ“བཅོས་སྐྱོང་ཟློས་གར་ཁང”དུ་སྒྱུར་ཡོད། གྲོང་མིས་རང་རྩོམ་རང་འཁྲབ་བྱས་པའི་གནས་ཚུལ་དངོས་མཚོན་ཟློས་གར《རྩྭ་རའི་རྩོད་གཞི》ཞེས་པ་དེས་སྔོན་ཆད་འདུམ་འགྲིག་གི་གྱོད་དཔེ་ངོ་མ་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཡོད། གར་སྟེགས་གཤམ་དུ་འདུམ་འགྲིག་པ་སྐལ་བཟང་གིས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་དེས་ལྟད་མོ་བ་200ལྷག་ཙམ་གྱིས་དགོད་སྒྲའི་ཁྲོད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》རྟོགས་ཐུབ་པ་བྱུང་ཡོད།

    འདི་ནི་ཤན་ཁ་གྲོང་ཚོའི“དོན་གླེང”དང་སྟེགས་བུ་ཟུང་འབྲེལ་གྱི་གསར་གཏོད་ལག་ལེན་ཞིག་རེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་བཅོས་སྐྱོང་གི་རྒྱུ་རྐྱེན་གཙོ་བོ་སྲོལ་རྒྱུན་གྱི་དུས་ཆེན་བྱེད་སྒོའི་ནང་མཉམ་འདྲེས་བྱས་ཏེ“དུས་ཆེན་རིང་བཅོས་སྐྱོང”གི་རྣམ་པ་གསར་པ་བཏོད་པ་སྟེ། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ལོ་སྒྲིལ་འབྲས་ཆན་བཟོ་བའི་འགྲན་བསྡུར་དེ་མི་རིགས་མཐུན་སྒྲིལ་སློབ་གསོའི་ནང་མཉམ་འདྲེས་བྱས་པ་དང་། འོང་སྐོར་དུས་ཆེན་གྱི་གླུ་ལེན་གར་འཁྲབ་བྱས་པ་ལས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་མངོན་པ་སོགས་བྱས་ཡོད། “ང་ཚོས་བྱེད་སྒོའི་ནང‘བསམ་འདུན་ཆུང་ངུའི་གྱང’བཙུགས་ནས་བསམ་འདུན་47ཡོད་པའི་ཁྲོད་ནས་39མངོན་འགྱུར་ཐུབ་པ་བྱས་པ་ཡིན”ཞེས་བསོད་ནམས་དབང་ཆེན་གྱིས་བཤད།

    སྐད་ཡིག་གསོ་སྦྱོང་བྱས་ནས། སྣེ་ཤན་པ་ཆུང་ཆུང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་ངོ་སྤྲོད་བྱས་པ།

    “ཚང་མ་ང་ཚོའི་མཛེས་སྡུག་ལྡན་པའི་ཤན་ཁ་གྲོང་ཚོར་ཕེབས་པར་དགའ་བསུ་ཞུ”ལོ་12ལ་སླེབས་པའི་སྒྲོལ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་ཡུལ་སྐོར་ཚོགས་པར་རང་ཉིད་ཀྱི་ཕ་ཡུལ་ངོ་སྤྲོད་བྱེད་བཞིན་ཡོད། དེ་སྔ་ངོ་ཚ་སྨིན་པའི་བུ་མོ་དེ“རིག་ལྡན་སློབ་ཁང”དུ་ཟླ་བ་གསུམ་རིང་གསོ་སྦྱོང་བྱས་པ་བརྒྱུད། ད་ཆ“གྲགས་ཅན་གྱི་ཡུལ་སྐོར་སྣེ་ཤན་པ་ཆུང་ཆུང”ཞིག་ཏུ་གྱུར་ཡོད།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཚད་མཐོ་རུ་གཏོང་ཆེད། ཤན་ཁ་གྲོང་ཚོས“སྐད་ཡིག་དང་རྩལ་ནུས”ཟུང་འབྲེལ་གྱི་གསོ་སྦྱོང་བསྟར་ལ་བསྒྲིགས་ཡོད། སྔོ་ཚལ་འགྱིག་ཤོག་དྲོད་ཁང་དུ་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་སྐད་ཡིག་གཉིས་སྤྱད་ནས་འདེབས་འཛུགས་ལག་རྩལ་འགྲེལ་བཤད་རྒྱག་གི་ཡོད། ཡུལ་སྐོར་ས་ཚིགས་སུ་སློབ་མ་ཚོས་འཁྲབ་སྟོན་གྱི་རྣམ་པ་བརྒྱུད་ཞབས་ཞུའི་ཐ་སྙད་སློབ་སྦྱོང་བྱེད་ཀྱི་ཡོད།

    མིག་སྔར་གྲོང་ཚོའི་ནང“གྲོང་གསེབ་ཀྱི་དྲ་ཐོག་མིང་ཅན”མང་པོ་ཐོན་པས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་བྲིན་ཚོང་བྱེད་ཚད་45%འཕར་བར་སྐུལ་ཁྲིད་བྱས་ཡོད།

    འགལ་ཟླ་བསལ་ནས། གྲོང་གསེབ་ཞི་མཐུན་མཉམ་བཅོས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    ཤན་ཁ་གྲོང་ཚོའི“ཞི་མཐུན་མཉམ་བཅོས་ལྟེ་གནས”ཀྱི་བརྙན་ཤེལ་ཆེན་པོའི་ཐོག“གྲངས་གཞི”མང་པོ་སྟོན་བཞིན་ཡོད། མཐོ་སློབ་དང་མཉམ་འབྲེལ་ཐོག་གསར་སྤེལ་བྱས་པའི་རིག་ནུས་མ་ལག་འདིས་རྩོད་གཞི་དབྱེ་ཞིབ་བྱེད་ཐུབ་ཀྱི་ཡོད།

    དྲ་ཕྱིའི་འདུམ་འགྲིག་ལ་ཁྱད་ཆོས་ཟབ་མོ་ལྡན་ཞིང་། ལོ་མང་རིང་གི་རྩྭ་རའི་རྩོད་གཞིར་འདུམ་འགྲིག་ཚོགས་ཆུང་གིས་ཕྱོགས་གཉིས་ཀ“དྲན་འཆར་ཇ་ཁང”དུ་བོས་ནས། རྒན་རྒོན་ཚོས་སྲོལ་རྒྱུན་གྱི་ཕྱུགས་འཚོའི་སྒྲིག་སྲོལ་བརྗོད་པ་དང་། “མི་མེད་གནམ་གྲུས་ཚད་འཇལ་བྱས་པའི་དེང་རབས་ཀྱི་གྲངས་གཞི་དང་མེས་པོས་ཁ་ཆད་བྱས་པའི་གནའ་བོའི་བློ་གྲོས་ཟུང་འབྲེལ་བྱས་པས་འདུམ་འགྲིག་དེར་ང་ཚོའི་བློ་ཡིད་རྦད་དེ་འཚིམ་སོང”ཞེས་གྲོང་མི་རྡོ་རྗེས་འདུམ་འགྲིག་གྲོས་མཐུན་ཡི་གེའི་ཐོག་མཛུབ་ཐེལ་གནོན་སྐབས་སེམས་འགུལ་ཆེན་པོས་དེ་ལྟར་བརྗོད། ཚན་རྩལ་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་འདུམ་འགྲིག་བྱེད་སྟངས་དེ་རིགས་ཀྱིས་ཐག་གཅོད་བྱེད་དཀའ་བའི་གྱོད་གཞི་7རྦད་དེ་ཐག་གཅོད་བྱས་ཡོད།

    གྲོང་ཚོའི་ལོ་རྒྱུས་ཁང་གི“དམངས་སེམས་གྱང”ཐོག་གི་མཛུབ་ཐེལ་དམར་པོ་སྟོང་ཕྲག་ཁ་ཤས་ཀྱིས་བོད་ལུགས་ཀྱི་བཀྲ་ཤིས་མཚོན་པའི་རི་མོ་ཆེན་པོ་ཞིག་གྲུབ་ཡོད། མཛུབ་རིས་རེ་རེ་ནི་ཡིད་རྟོན་གྱི་ཁས་ལེན་ཞིག་ཡིན་ཞེས་བསོད་ནམས་དབང་ཆེན་གྱིས་བཤད། “དྲ་ཐོག་གྲོང་ཚོའི་ལས་དོན་ཐིང”དང“གྲངས་འཛིན་ཁྱིམ་ཚང་འཚམས་འདྲིའི་མ་ལག”སོགས་དཔེ་དུམ་གསར་པ་དྲ་ཐོག་ཏུ་ཐོན་པ་དང་ཆབས་ཅིག་ཤན་ཁ་གྲོང་ཚོས“དོན་གླེང”སྟེགས་བུ་དེ“སྐྱེ་ཁམས་བཅོས་སྐྱོང་མ་ལག”དུ་རིམ་སྤོར་བྱས་ནས་གྲོང་མི་ཚང་མ་གཞི་རིམ་བཅོས་སྐྱོང་གྱི“བྱ་རིམ་པར”འགྱུར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།