དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་རིགས་ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རར་མཁོ་སྤྲོད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་ཡོད་པའི་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ས་མཐོའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཐོན་ལས་གླིང་ལ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཞིབ་བཤེར་ཚད་ལོན་བྱུང་ནས་ཤང་ཀང་དང་ཨའོ་མོན་ལ་མཁོ་སྤྲོད་བྱེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ཐོ་འགོད་ཁས་ལེན་དཔང་འདོན་རག་སྟེ། ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རའི“ལམ་ཡིག”དངོས་སུ་ཐོབ་ཡོད།

    ཧུའུ་ནན་ཞིང་ཆེན་གྱི་ཐོན་ལས་བོད་སྐྱོར་དཔེ་སྟོན་རྣམ་གྲངས་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཞིང་ལས་ཐོན་ལས་ཅན་གྱི་རྣམ་གྲངས་ཤིག་ཡིན་པའི་ཐོན་ལས་གླིང་དེས་ཐུན་མོང་མ་ཡིན་པའི་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྐྱེ་ལྡན་ཞིང་ལས་ཐོན་སྐྱེད་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ་ས་རྒྱུ་ལེགས་བཅོས་དང་མྱུག་སོན་འདེབས་གསོ་ནས་བསྡུ་ལེན་ཐུམ་སྒྲིལ་བར་གྱི་བརྒྱུད་རིམ་ཡོངས་ཀྱི་སྤུས་ཚད་ལ་དོ་དམ་ཚོད་འཛིན་མ་ལག་བཙུགས་ཡོད། གླིང་དེས་རིག་ནུས་དྲོད་ཁང་དང་ཆུ་ལུད་གཞི་གཅིག་ཅན་སོགས་དེང་རབས་ཞིང་ལས་ལག་རྩལ་སྤྱད་དེ་ཆེད་ལས་ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་དང་གྲང་ཕྲེང་ཟོག་འགྲེམས་ལྟེ་གནས་ཀྱི་ལེ་ལག་ཆ་ཚང་བསྐྲུན་ནས་སྔོ་ཚལ་དང་ཤིང་འབྲས་ཚང་མ་ཤང་ཀང་དང་ཨའོ་མོན་ལ་མཁོ་སྤྲོད་བྱེད་པའི་བཟའ་བཅའི་ཞིབ་དཔྱད་ཚད་ལེན་ཚད་གཞི་དང་མཐུན་པའི་འགན་ལེན་བྱས་པ་རེད། ད་ཐེངས་ཀྱི་ཁས་ལེན་དཔང་འདོན་ཐོབ་རྗེས། སྔོན་དཔག་བྱས་ན་ལོ་ལྟར་ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རར་སྤུས་ལེགས་ཀྱི་ས་མཐོའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཏུན་སྟོང་ཡན་མཁོ་སྤྲོད་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།