དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟངས་རི་རྫོང་གིས་གཙོ་གནད་ཁེ་ལས་ཀྱི་མི་སྤྱོད་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ཉེ་ཆར། ཟངས་རི་རྫོང་གིས་ཞིབ་བཤེར་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཀྲུང་གོ་ཧྭ་ནུས་ཚོགས་པ་ཚད་ཡོད་ཀུང་སི་དང་ཆུ་གློག་ཅུས་ལྔ་པའི་གཙང་ཁ་སྒར་སའི་རྣམ་གྲངས་པུའུ་ཡིས་སྐྲུན་འགན་ཁུར་བའི་རྣམ་གྲངས་གསར་པའི་ཨར་སྐྲུན་བྱ་ཡུལ་དུ་བསྐྱོད་དེ། ཁེ་ལས་ཀྱི་མི་སྤྱོད་སྲོལ་མཐུན་རང་བཞིན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་གྱིས“མངོན་མེད་རྐྱེན་ངན་གྲལ་བཤེར་དང་། ཚད་ལྡན་ལ་སྐུལ་འདེད། ཁེ་དབང་སྲུང་སྐྱོང”བཅས་དམིགས་ཡུལ་དུ་བྱས་ནས། ཁེ་ལས་ཀྱིས་མི་སྤྱོད་ཆོག་འཐུས་ལག་ཁྱེར་གཉེར་མིན་དང་། ངལ་ནུས་གན་རྒྱ་བཞག་མིན། ངལ་རྩོལ་གླ་ཆ་ཆེད་གཉེར་བཀོད་སྒྲིག་བྱས་མིན། ཞིང་པ་ལས་མིའི་རང་མིང་འགོད་ལམ་དོ་དམ་བྱས་མིན། གླ་ཆ་ཆེད་སྤྱོད་རྩིས་ཐོ་བཟོས་མིན། ལས་རྨས་འགན་བཅོལ་གྱི་འགན་ཞུགས་དང་ཞིང་པ་ལས་མིའི་གླ་ཆའི་ཁག་ཐེག་དངུལ་བསྐྱལ་མིན(ཕྱོགས་་གསུམ་པའི་འགན་ཡིག)སོགས་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།