ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གིས།
རིཌ་གཅིག་མཁས་ཅན་གདན་དྲངས་ནས་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་བྱས་པ།
ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་སྲིད་གཞུང་གིས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་དང་མཉམ་དུ་གཡག་རུ་གྲོང་ཚོར“རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་ཞིང་འབྲོག་ལག་རྩལ་པ་དང་། ཚན་རྩལ་ཆེད་མངགས་པ། འདེབས་འཛུགས་དུད་ཚང་བཅས་ཀྱི་འཐུས་མི་40ལྷག་ཙམ་ལ་ནས་ཀྱི་སོན་བཟང“བོད་ནས་ཨང་17པའི”འདེབས་འཛུགས་ལག་རྩལ་གྱི་ཆེད་དོན་གསོ་སྦྱོང་བྱས་ཡོད།
གསོ་སྦྱོང་བྱེད་རིང་། ལྷོ་ཁ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་གནམ་གཤིས་དང་། ས་རྒྱུའི་ཁྱད་ཆོས། ས་བབ་ཀྱི་ཁྱད་ཆོས་བཅས་ལ་དམ་པོར་དམིགས་ནས“བོད་ནས་ཨང་17པའི”ཁྱད་ཆོས་ལ་གཞིགས་ཏེ། སོན་གྲ་སྒྲིག་དང་འདེབས་འཛུགས་དུས་ཚོད་ནས་སོན་མཐུག་པོ་དང་ལུད་འོས་འཚམ་རྒྱག་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་འདེབས་འཛུགས་ལག་རྩལ་གྱི་གཙོ་གནད་སློབ་མར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད།
རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ཚད་ལྡན་ཅན་གྱི་འདེབས་འཛུགས་བརྒྱུད་རིམ་ངོ་སྤྲོད་བྱས་ནས་སློབ་མ་ཚོར་སོན་གཏིང་རིང་པོ་གཤོ་དགོས་མིན་དང་རོལ་གྱི་ཆེ་ཆུང་སོགས་དམར་ཁྲིད་བྱས་པ་མ་ཟད། ས་རྒྱུ་མི་འདྲ་བར་གཞིགས་ཏེ་འདེབས་འཛུགས་ཇུས་གཞི་བཟོས་ཡོད། ས་གནས་ས་ཐོག་ཏུ་བཏོན་པའི་དྲི་བར་དམིགས་ནས། རིགས་གཅིག་མཁས་ཅན་གྱིས་དོགས་གནད་རེ་རེ་བཞིན་ལ་ལན་བཏབ་སྟེ་ལག་རྩལ་མཛུབ་ཁྲིད་ཀྱི་མཐའ་མའི་འགག་གནད་བསལ་ཡོད།