དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་མི་མེད་གནམ་གྲུ་སྤྱད་དེ་ཞིང་སྨན་གཏོར་ནས་དགུན་གྲོར་ལོ་ལེཌ་ཡོང་བར་རམ་འདེཌ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས“ལྗང་མདོག་གི་སྔོན་འགོག་ཚོད་འཛིན་དང་གཅིག་གྱུར་འགོག་བཅོས་ཟུང་དུ་འབྲེལ་བའི”བྱ་ཐབས་བརྒྱུད་ཆེད་ལས་མི་མེད་གནམ་གྲུའི་རུ་ཁག་སྒྲིག་འཛུགས་བྱས་ནས། དགུན་གྲོར་ཞིང་སྨན་གཏོར་ཏེ། འབྲུ་རིགས་ལ་ལོ་ལེགས་ཡོང་བར་རམ་འདེགས་བྱས་པ་རེད།

    ཚད་ལྡན་ཅན་གྱི་ལས་སྒྲུབ་བྱ་ཡུལ་དུ། ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱས་ཏེ། ཞིང་སྨན་གྱི་གར་ཚད་སྡེབ་སྦྱོར་སྟངས་འཛིན་ནན་པོ་བྱས་ནས། ས་ཞིང་མུའུ་རེར་ཁ་ལུད་དང་འབུ་སྨན་སོགས་ཀྱི་ཞིང་སྨན་ཚན་རིག་དང་མཐུན་པར་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། འདི་ལོ་སྣེ་གདོང་ཆུས་ཀྱིས་དགུན་གྲོ་མུའུ་4000ལྷག་ཙམ་ལ་མི་མེད་གནམ་གྲུ་སྤྱད་དེ་ཞིང་སྨན་གཏོར་བ་དེ་སྲོལ་རྒྱུན་གྱི་མི་ཐབས་ལ་བརྟེན་ནས་ཞིང་སྨན་གཏོར་བ་དང་བསྡུར་ན་ཞིང་སྨན་སྤྱོད་ཚད་40%ཡན་ཉུང་དུ་ཕྱིན་ནས། མུའུ་རེར་བདག་སྐྱོང་མ་གནས་སྒོར་60གྲོན་ཆུང་ཐུབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། “རིག་ལྡན་ས་ཞིང་བདག་སྐྱོང”གི་བྱ་ཐབས་འདི་རིགས་ལས་གྲོང་ཚོའི་ངལ་ནུས་དཀོན་པའི་གནད་དོན་ཞི་ལྷོད་དུ་སོང་བ་མ་ཟད། ཞིང་ལས་ཀྱི་ཕྱིའི་སྦགས་བཙོག་ཉུང་དུ་ངེས་ཅན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།