དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆུ་གསུམ་རྫོང་དུ་ཀོ་ཤ་དཀར་པོ་བཏབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ཉེ་ཆར། ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གྱི་དྲོད་ཁང་ཆེ་མོའི་ནང་དུ་སྣེ་གདོང་ཆུས་སོ་དྲུག་ཤང་གི་སྤུས་ལེགས་ཀོ་ཤ་དཀར་པོ་རྐང་2376འདེབས་འཛུགས་བྱས་པ་རེད།

    འདེབས་འཛུགས་བྱ་ཡུལ་དུ། ཤ་མོའི་རིགས་ཀྱི་འདེབས་འཛུགས་ལག་རྩལ་གསོ་སྦྱོང་ལ་ཞུགས་མྱོང་བའི་མང་ཚོགས་ཚོས་ཚད་ལྡན་གྱི་འདེབས་འཛུགས་ལག་རྩལ་གཞིར་བཟུང་ཤ་མོ་རེ་རེ་བཞིན་བཏབ་པ་རེད། འདེབས་འཛུགས་བྱས་ཚར་རྗེས། ཆུ་གསུམ་གྲོང་རྡལ་གྱིས་ཉིན་རེར་གླ་ཆ་སྒོར་45དང་ལས་ཡུན་ཆུ་ཚོད་3རེའི་ཚད་གཞིའི་ཐོག་ནས་ལས་སྒྲུབ་མང་ཚོགས་ཚོར་གླ་ཕོགས་སྤྲད་པ་དང་། ཐེངས་འདིའི་འདེབས་འཛུགས་ལས་དོན་གྱི་འགན་འཁུར་མཁན་ཆུ་གསུམ་གྲོང་རྡལ་གྱི་ལས་བྱེད་པས། ཚོད་འདེབས་ལམ་ལྷོངས་བྱུང་རྗེས་མང་ཚོགས་དེ་བས་མང་བ་ཀོ་ཤ་དཀར་པོའི་འདེབས་འཛུགས་ལག་རྩལ་སློབ་སྦྱོང་དང་དངོས་སྦྱོང་ལ་ཞུགས་སུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།