དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་རྩེ་རྫོང་གིས་ཐབས་ལམ་མང་པོ་སྤྱད་ནས་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

    ཉེ་ཆར། ལྷུན་རྩེ་རྫོང་གི“ཞིང་གསུམ”སྲིད་ཇུས་དང་བླངས་ཞབས་ཞུ་རུ་ཁག་ལྷུན་རྩེ་གྲོང་རྡལ་ཞིང་པ་གྲོང་ཚོར་བསྐྱོད་དེ་ཞིང་པ་མུ་ཁར་ངལ་གསོ་རྒྱག་པའི་བར་གསེང་གང་ལེགས་སྤྱད་དེ“ཞིང་ནང་སློབ་ཚན”གྱི་རྣམ་པར་བརྟེན་ནས་ཏང་གི་དམངས་ཕན་སྲིད་ཇུས་ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཀྱིས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་བསྡོམས་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་200ལྷག་ཙམ་སྤྲད་པ་རེད།

    དང་བླངས་ཞབས་ཞུ་རུ་ཁག་གིས་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། “འདུ་ཤེས་གསུམ”དང་དེ་བཞིན་རྒན་རྒོན་གྱི་ཕན་བདེ་དང་། གནས་སྐབས་རོགས་སྐྱོབ། གྲོང་གསེབ་དར་རྒྱས། ཐོན་ལས་རོགས་སྐྱོར་སོགས་འབྲེལ་ཡོད་ནང་དོན་ལ་གསལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ས་གནས་ས་ཐོག་ཏུ་ས་བོན་འདེམས་སྟངས་དང་། ཆུ་འདྲེན་སྟངས། ནད་འབུ་འགོག་བཅོས་བྱེད་སྟངས་སོགས་ཀྱི་ཤེས་བྱ་ཡང་བསླབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།