བོད་ཀྱིས་རིག་རྫས་འགྲེམས་ཚོགས་སྐབས་ཉེར་གཅིག་པའི་རིག་གནས་ཐོན་ལས་ཀྱི་ཚོང་འགུགས་འདུ་ཚོགས་ཐོག་ཚོགས་སྒྲིག་འོས་སྦྱོར་བྱས་པ།
རང་ལྗོངས་ཀྱི་ཁེ་ལས་གཉིས་ཀྱིས་ལྗོངས་ཕྱིའི་མཉམ་ལས་ཕྱོགས་དང་ས་ཡུལ་དངོས་སུ་གན་རྒྱ་བཞག་པ།
འདི་ནི་རིག་རྫས་འགྲེམས་ཚོགས་སྐབས་ཉེར་གཅིག་པའི་རིག་གནས་ཐོན་ལས་ཀྱི་ཚོང་འགུགས་འདུ་ཚོགས་ཐོག་ལྷ་མོ་འཁྲབ་བཞིན་པ།
ཉེ་ཆར། རིག་རྫས་འགྲེམས་ཚོགས་སྐབས་ཉེར་གཅིག་པའི་རིག་གནས་ཐོན་ལས་ཀྱི་ཚོང་འགུགས་འདུ་ཚོགས་དང་མཉམ་ལས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་བོད་ཀྱིས“ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ཉི་ཤུ་པ”དང་། དེ་བཞིན་གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་རྣམ་གྲངས་དང་། “རྒྱལ་ཁབ་བདུན་དང་གྲོང་ཁྱེར་བཅོ་ལྔ། ཧི་མ་ལ་ཡའི་འཚོ་བའི་མཛེས་རིག་བར་མཐོངས་ཕྱིར་སྐྱོད་དང་གྲོང་ཁྱེར་གྱི་མཉམ་ལས་པའི་འཆར་གཞི” “ཞོལ་འདོད་དཔལ་སྒྱུ་རྩལ་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས” “མཛེས་སྡུག་ལྡན་པའི་གྲོང་ཚོའི་རིག་གནས་ཡུལ་སྐོར་ཞིང་རའི་ཕྱོགས་བསྡུས་རྣམ་གྲངས”བཅས་ཚོགས་སྒྲིག་འོས་སྦྱོར་བྱས་པ་མ་ཟད། ས་ཡུལ་དངོས་སུ་ལྷ་མོ《བཀྲ་ཤིས་པའི་གཞིས་རྩེ》འཁྲབ་ཅིང་། རང་ལྗོངས་ཀྱི་མཉམ་ལས་གྲོས་མཐུན་གཉིས་ལ་ས་ཡུལ་དངོས་སུ་མིང་རྟགས་བཀོད་པ་རེད།
གན་རྒྱ་འཇོག་པའི་ལྷུ་ཚིགས་སུ། བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི་དང་པེ་ཅིང་འབྲི་ཆུའི་རིག་གནས་མ་རྐང་ཚད་ཡོད་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། བོད་ལྗོངས་ཞོལ་འདོད་དཔལ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་ཧྲེན་ཀྲེན་ཧྭ་རུང་ཧྲེང་མ་རྩ་དོ་དམ་ཚད་ཡོད་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།
བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སི་དང་པེ་ཅིང་འབྲི་ཆུའི་རིག་གནས་མ་རྐང་ཚད་ཡོད་ཀུང་སིའི་དབར་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་སྤྱི་ཚོགས་ཚད་གཞིའི་གདེང་འཇོག་མ་ལག་དང་། སྤྱོད་མང་བའི་IPགསར་བཟོ། སྤུས་རྟགས་གསར་གཏོད་ཁྱབ་གདལ་སོགས་ཕྱོགས་མང་པོར་མཉམ་ལས་བྱ་རྒྱུ་རེད། རིག་གནས་བསམ་བཀོད་ཐོན་རྫས་ཀྱི་སྤྱི་ཚོགས་ཚད་གཞིའི་གདེང་འཇོག་མ་ལག་གཏོད་པའི་ཐད། ཕྱོགས་གཉིས་པོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་རིག་གནས་བསམ་བཀོད་ཐོན་རྫས་ཇུས་འགོད་དང་ཞིབ་འཇུག་གསར་སྤེལ་དང་། རྣམ་གྲངས་གཉེར་སྐྱོང་གི་ལེགས་ཆ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རིག་གནས་བསམ་བཀོད་ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁུངས་འདེད་མ་ལག་མཉམ་དུ་བཏོད་ནས་རིག་གནས་བསམ་བཀོད་མཆེད་རྫས་ཀྱི་གྲངས་འཛིན་ཅན་དང་། སྤུས་ཚད་ཅན། ཆེད་ལས་ཅན་བཅས་ཀྱི་བདེན་དཔང་ར་སྤྲོད་ཐུབ་རྒྱུ་རེད།
བོད་ལྗོངས་ཞོལ་འདོད་དཔལ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་ཧྲེན་ཀྲེན་ཧྭ་རུང་ཧྲེང་མ་རྩ་དོ་དམ་ཚད་ཡོད་ཀུང་སིས་ཕྱོགས་གཉིས་པོའི་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ། ཁྲོམ་ར་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བརྒྱུད། རྣམ་གྲངས་ལག་བསྟར་ལ་མཉམ་དུ་སྐུལ་འདེད་བཏང་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་པ་དང་དུས་མཚུངས་ལེགས་ཆའི་ཐོན་རྫས་གསར་གཏོད་ཀྱི་ཁྲོམ་རའི་བཟུང་ཚད་མཐོ་རུ་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། དཔལ་འབྱོར་ཕན་འབྲས་ཆེ་རུ་གཏོང་བ་སོགས་བྱས་ཏེ། རིག་གནས་ལས་རིགས་ཁྲོད་ཕྱོགས་གཉིས་པོའི་ཁྲོམ་རའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།