དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཧྲེན་ཀྲེན་རིག་རྫས་འགྲེམས་ཚོགས་སུ་བོད་ཀྱི་རིག་གནས་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-30

     ཟླ་5ཚེས་22ཉིན་ནས་ཚེས་26ཉིན་བར། ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་རྫས་འགྲེམས་ཚོགས་སྐབས་ཉེར་གཅིག་པ་ཧྲེན་ཀྲེན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་དང་ཆབས་ཅིག་བོད་ལྗོངས་འགྲེམས་ཁང་དུ་བརྟག་ཞིབ་མཛུབ་ཁྲིད་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་གསུངས་དོན། རིག་རྫས་འགྲེམས་ཚོགས་ནི་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་ལས་སྟེགས་དང་སྐར་ཁུང་གལ་ཆེན་ཞིག་ཡིན་པ་དང་། དེས་རིག་གནས་འགྲོ་འོང་དང་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་ཡོད། “ནང་དུ་གདན་འདྲེན་པ་དང་ཕྱིར་སྐྱོད་པ”ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། ཞིང་ཆེན་གཞན་དག་གི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་ཧུར་ཐག་འཛིན་པ་དང་། སྤེལ་རེས་སློབ་སྦྱོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་དགོས། སྤྱི་ཡོངས་ལ་དམིགས་པ་དང་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱས་ནས། གྲངས་འཛིན་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་ཕྱོགས་དང་རང་འགུལ་ངང་བསྟུན་པ་དང་། “རིག་གནས་དང་ཚན་རྩལ་ཟུང་དུ་འབྲེལ་བ”སྒུལ་ཤུགས་སུ་བརྩི་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་དང་འདྲེས་པ། ལག་རྩལ་གསར་ཤོས་དང་བཀོལ་སྤྱོད་གསར་པར་བརྟེན་པ། རིག་གནས་ཀྱི་ཉམས་ལེན་གསར་པ་སླར་གསོ་བཅས་བྱས་ཏེ། གྲངས་འཛིན་རིག་གནས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།