དམངས་སྲོལ་བྱེད་སྒོ་སྣ་ཚོགས་སྤེལ་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ་བ།
འདི་ནི་ཟླ་5ཚེས་23ཉིན། ཀོང་ཤིས་ལུའོ་ཁྲེང་མུའུ་ལའོ་རིགས་རང་སྐྱོང་རྫོང་ཧུའེ་ཆུན་གྲོང་རྡལ་ཐེན་མོན་ཧྲན་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་དང་ཡུལ་མིས་ཙུང་ཙི་བཟོ་བའི་འགྲན་བསྡུར་ལ་ཞུགས་བཞིན་པ།
འདི་ནི་ཟླ་5ཚེས་25ཉིན། 2025ལོའི་ཀྲུང་གོའི་གྲུ་ཤན་འབྲུག་མགོ་མའི་ཡོངས་བསྒྲགས་འགྲན་བསྡུར(ཧུའུ་ནན་ཏའོ་རྫོང་ས་ཚིགས)དང་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏའོ་ཀྲོའུ་གྲུ་ཤན་འབྲུག་མགོ་མའི་མུ་འབྲེལ་འགྲན་བསྡུར་ཞའོ་ཧྲུའེ་གཙང་པོར་འགོ་ཚུགས་ཤིང་། འགྲན་བསྡུར་ནང་ཞུགས་པའི་གྲུ་ཤན་འབྲུག་མགོ་མའི་རུ་ཁག་ཁག་གིས་འགྲན་བསྡུར་བྱེད་བཞིན་པ།
ཉེ་ཆར། ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་བྱེད་སྒོ་སྤེལ་ནས། འཆར་ཉེར་ཡོད་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ་བ།