ཙན་པི་ཡས་བྱེད་སྒོ་གཟབ་རྒྱས་སྤེལ་ནས“ཨ་ཧྥེ་རི་ ཁའི་ཉིན་མོར”དྲན་གསོ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ས་ཁ་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། ཙན་པི་ཡའི་རྒྱལ་ས་ལུ་ས་ཁར་བྱེད་སྒོ་གཟབ་རྒྱས་སྤེལ་ནས“ཨ་ཧྥེ་རི་ཁའི་ཉིན་མོར”དྲན་གསོ་ཞུས་པ་དང་འབྲེལ། ཨ་ཧྥེ་རི་ཁའི་མི་རིགས་བཅིངས་འགྲོལ་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་སྔོན་བྱོན་པ་ཚོར་རྗེས་དྲན་ཡང་ཞུས་པ་རེད། ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མཱ་དང་། སྲིད་གཞུང་གི་དཔོན་རིགས། དམག་དཔུང་གི་འཐུས་མི། ཙན་པི་ཡར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་པ་སོགས་བྱེད་སྒོར་ཞུགས་པ་དང་འབྲེལ་ཙན་པི་ཡའི་རང་བཙན་མཚོན་པའི་རང་དབང་བརྐོས་བརྙན་ལ་མེ་ཏོག་ཕྲེང་བའང་ཕུལ་བ་རེད།
ཞི་ཆི་ལའེ་མཱ་ཡིས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་ཨ་ཧྥེ་རི་ཁའི་ཡོངས་ཁྱབ་མཐུན་སྒྲིལ་སྙིང་སྟོབས་ལ་སླར་ཡང་ཁས་ལེན་བརྟན་པོ་བྱས་ནས་ཐུན་མོང་ཐོག་ཨ་ཧྥེ་རི་ཁའི་ཞི་བདེ་དང་། བདེ་འཇགས། རྒྱུན་མཐུད་དར་རྒྱས་བཅས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་གནང་བ་དང་འབྲེལ “མཐུན་སྒྲིལ་དང་དར་རྒྱས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ལ་ཉེ་བའི་སྐབས་སུ་གདོང་གཏུག་རྐྱེན་གྱིས་ཨ་ཧྥེ་རི་ཁ་ཁ་ཕྲལ་དུ་སོང་ན་འགྲིག་ཐབས་མེད”ཅེས་བརྗོད་པ་རེད།
1963ལོའི་ཟླ་5ཚེས་25ཉིན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་འབྱུང་ཁུངས་ཏེ“ཨ་ཧྥེ་རི་ཁའི་གཅིག་གྱུར་རྩ་འཛུགས”བཙུགས་ཤིང་། ཟླ་5ཚེས་25ཉིན་དེ“ཨ་ཧྥེ་རི་ཁའི་ཉིན་མོར་”གཏན་འཁེལ་བྱས་པ་རེད།