ཅང་སུའུ་དབྱང་ཀྲོའུ་རུ་ཕྱིར་གཏོང་མངགས་ཐོའི་གྲུ་གཟིངས་བཟོ་བར་བྲེལ།
ཉིན་ཤས་གོང་། ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ཅང་ཏུའུ་ཆུས་སུ་ཡོད་པའི་དབྱང་ཀྲོའུ་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ལྕི་བའི་བཟོ་ལས་ཚད་ཡོད་ཀུང་སིའི་བཟོ་གྲྭར་ལས་བྲེལ་ཤིན་ཏུ་ཆེ་བ་དང་བཟོ་པ་ཚོས་བྲེལ་བརྩོན་ཆེན་པོས་གྲུ་གཟིངས་ཆེ་གྲས་མང་པོ་བཟོ་བཞིན་ཡོད་ཅིང་། འདི་ནི་དབྱང་ཀྲོའུ་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ལྕི་བའི་བཟོ་ལས་ཚད་ཡོད་ཀུང་སིའི་གྲུ་གཟིངས་བཟོ་སྐྲུན་བྱ་ཡུལ་ཡིན་པ།