དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཚོགས་པ་ཀུང་སིས་ཐཱ་ཧོ་རུ་ཡུལ་སྐོར་མེ་འཁོར་ཐོག་མ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-05-29

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་23ཉིན་གྱི་ཆུ་ཚོད་17དང་སྐར་མ་40ལ་ཟི་ལིང་ནས་ཧྲན་ཧའེ་ཀོན་དང་། ཧར་པིན། ཐཱ་ཧོ། ཧའེ་ལར། ཏུན་ཧྭ། ཧྲེན་དབྱང་བཅས་དབར་གྱི་Y452/3མེ་འཁོར་ཟི་ལིང་འབབ་ཚུགས་ནས་ཐོན་ཞིང་། ཡུལ་སྐོར་བ་720ལྷག་ཙམ་ཟི་ལིང་དང་། ལན་ཀྲོའུ། ཤིས་ཨན་སོགས་འབབ་ཚུགས་ནས་མེ་འཁོར་དེར་བསྡད་དེ་རང་རྒྱལ་བྱང་རྒྱུད་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་བའི་འགྲུལ་བཞུད་དེ་འགོ་བརྩམས་པ་རེད། འདི་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ཐཱ་ཧོ་ཕྱོགས་སུ་བཏང་བའི་ཡུལ་སྐོར་མེ་འཁོར་ཐོག་མ་ཡིན་པ་རེད།

    ཐེངས་འདིའི་ཡུལ་སྐོར་ཆེད་དོན་མེ་འཁོར་གྱི་འཁོར་སྒམ་ཚང་མར་དྲོ་གྲང་སྙོམ་སྒྲིག་འཕྲུལ་ཆས་དང་ཉལ་ཁྲི་ཡོད་པ་དང་། ལམ་བར་དུ་ཧེ་ལུང་ཅང་དང་། ཅི་ལིན། ནང་སོག ཧོ་པེ། ལེའོ་ཉིང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་5བརྒྱུད་ཀྱི་ཡོད། ཉིན་16གི་འགྲུལ་བཞུད་ལམ་དུ། ཡུལ་སྐོར་བས་མེ་འཁོར་གྱི་ཆེད་འགན་ཡུལ་སྐོར་སྣེ་ཤན་པའི་སྣེ་ཁྲིད་དང་ཆེད་ལས་སྨན་བཅོས་ཚོགས་པའི་འགན་ལེན་འོག “གནམ་འོག་གི་འགག་སྒོ་ཨང་དང་པོ”ཧྲན་ཧའེ་ཀོན་དང་། ཀྲུང་གོའི་བྱང་མཐའ་མོ་ཧོ་གྲོང་ཁྱེར། ཧོ་ལུན་པེར་རྩྭ་ཐང་ཆེན་པོ། ཧྲེན་དབྱང་གནའ་བོའི་ཕོ་བྲང་སོགས་མཛེས་ལྗོངས་གྲགས་ཅན་10ལྷག་ཙམ་ལ་ལྟ་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།