ལྔ་པའི་ཚེས་ལྔའི་དུས་ཆེན་རིང་སྔོན་དཔག་ལྟར་ན་མཚོ་བོད་ཚོགས་པ་ཀུང་སིས་ཡུལ་སྐོར་བ་མི་ཐེངས་ཁྲི་30སྐྱེལ་འདྲེན་བྱ་རྒྱུ་ཡིན་པ།
ཚེས་27ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ་མཚོ་བོད་ཚོགས་པ་ཀུང་སི་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། 2025ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་གི་ལྕགས་ལམ་སྐྱེལ་འདྲེན་གྱི་དུས་ཚོད་ཟླ་5ཚེས་30ནས་ཟླ་6ཚེས་3ཉིན་བར་ཁྱོན་ཉིན་5ཡིན་པ་དང་། སྔོན་དཔག་ལྟར་ན་ཡུལ་སྐོར་བ་མི་ཐེངས་ཁྲི་30སྐྱེལ་འདྲེན་བྱ་རྒྱུ་དང་། སྔོན་དཔག་ལྟར་ན་ཟླ་5ཚེས་31ཉིན་འགྲུལ་རྒྱུན་མང་ཤོས་ཡིན་པ་མ་ཟད་ཉིན་དེར་ཡུལ་སྐོར་བ་མི་ཐེངས་ཁྲི་7སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཚོགས་པ་ཀུང་སིའི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་གི་འགྲུལ་རྒྱུན་ནི་ལམ་ཐག་རིང་འབྲིང་གི་གཉེན་འཕྲད་དང་ཡུལ་སྐོར་གྱི་འགྲུལ་རྒྱུན་གཙོ་བོ་ཡིན་པའི་ནང་ཁོངས་སྒྲོལ་འགྲུལ་རྒྱུན་གཙོ་བོ་ཤིས་ཨན་དང་ཁྲེང་ཏུའུ་ལ་སྐྱོད་མཁན་ཡིན་པ་དང་། ནང་ཁོངས་འགྲུལ་རྒྱུན་གཙོ་བོ་ཟི་ལིང་ནས་གོར་མོ་དང་གཏེར་ལེན་ཁ་དང་དེ་བཞིན་ལྷ་ས་ནས་གཞིས་རྩེ་དང་ཉིང་ཁྲིར་སྐྱོད་མཁན་གྱི་ལམ་ཐག་ཐུང་བའི་གཉེན་འཕྲད་དང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་གཙོ་བོ་ཡིན་པ་རེད།