དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཧྲི་ཀྲང་གླེང་སྟེགས་ཐོག《ཉིང་པོ་གྲོས་འགོ》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-05-28

    ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་ཉིང་པོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2025ལོའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཧྲི་ཀྲང་གླེང་སྟེགས་ཉིང་པོ་རུ་འཚོགས་ཤིང་། གླེང་སྟེགས་ཐོག《ཉིང་པོ་གྲོས་འགོ》ཁྱབ་བསྒྲགས་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་འབྱུང་འགྱུར་གསར་པ་མཉམ་དུ་གཏོད་དགོས་པའི་འབོད་སྐུལ་བྱས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས“རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དབར་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་དང་། རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ། ཤེས་དཔལ་གྱི་སྐད་ཆ་ཤོད་རེས། གྲོང་ཁྱེར་བཅོས་སྐྱོང་། ལྗང་མདོག་ཕྱོགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བར་རོགས་རམ་བྱེད་པར་ཐུན་མོང་གི་ངོས་འཛིན་གང་ལེགས་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།